《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

རྩ་ཁྲིམས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

↑འདི་ནི་རྩ་ཁྲིམས་དྲིལ་བསྒྲགས་བྱ་ཡུལ་ཡིན་པ།

↑འདི་ནི་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ“ཁ་བསླུས་ལ་ངོ་རྒོལ”གྱི་APPཕབ་ལེན་བྱེད་རོགས་བྱེད་བཞིན་པ།

ཉེ་ཆར། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱ་ཆེད། བོད་ལྗོངས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས“རྩ་ཁྲིམས་ཉེ་འགྲམ་དུ་ཡོད”ཅེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། རྩ་ཁྲིམས་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་སྤྲོད་པ་དང་འགྲེམས་པང་འཛུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། མང་ཚོགས་ལ་རྩ་ཁྲིམས་ཀྱི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་བརྒྱབ་པ་རེད། མི་དམངས་ཉེན་རྟོག་པས་མཐའ་མཚམས་མང་ཚོགས་ཀྱི་ཉེ་འགྲམ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གྱོད་དཔེ་དྲངས་ནས་རྩ་ཁྲིམས་ཀྱིས་མི་དམངས་མང་ཚོགས་ལ་སྤྲད་པའི་གཞི་རྩའི་དབང་ཆར་འགྲེལ་བཤད་བརྒྱབ་པ་མ་ཟད། མཐའ་མཚམས་མང་ཚོགས་ལ་རང་རྟོགས་ངང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པའི་ཁྲིད་སྟོན་ཡང་བྱས།

↑འདི་ནི་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་འགྲོ་འོང་བྱེད་མཁན་ལ་བཅའ་ཁྲིམས་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།