《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

རང་སྐྱོང་ལྗོངས་འབྲུབ་འགོག་བབ་བསྟུན་ཉེན་སེལ་རུ་ཁག་ལ་རྒྱལ་ཁབ་ཀྱི་སྡེ་ཚན་བཞིའི་མཉམ་འབྲེལ་གཟེངས་བསྟོད་ཐོབ་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། རྒྱལ་ཁབ་འབྲུ་རིགས་དང་དངོས་རྫས་གྲབས་གསོག་ཅུས། ནོར་སྲིད་པུའུ། འཕྲལ་སྡོམ་དོ་དམ་པུའུ་བཅས་སྡེ་ཚན་བཞིས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་འཕྲལ་སྡོམ་དངོས་རྫས་གྲབས་གསོག་གཙང་བཤེར་ཆེ་མོའི་ལས་དོན་ཁྲོད་མཚོན་ཚུན་མངོན་གསལ་དོད་པའི་སྔོན་ཐོན་ཚན་པར་གཟེངས་བསྟོད་བྱས་པ་དང་རང་སྐྱོང་ལྗོངས་འབྲུབ་འགོག་བབ་བསྟུན་ཉེན་སེལ་རུ་ཁག་ལ“རྒྱལ་ཁབ་ཀྱི་འཐབ་ཇུས་དང་འཕྲལ་སྡོམ་དངོས་རྫས་གྲབས་གསོག་གཙང་བཤེར་ཆེ་མོའི་སྔོན་ཐོན་ཚན་པའི”གཟི་བརྗིད་མཚན་སྙན་ཐོབ། ད་ཐེངས་ཀྱི་དཔྱད་འདེམས་ལས་རྒྱལ་ཁབ་ཀྱིས་ཉེན་ཁའི་འགྲན་སློང་ལ་འགོག་ཟོན་དང་ཁ་གཏད་གཅོག་པ་དང་འཕྲལ་སྡོམ་དངོས་རྫས་གྲབས་གསོག་ལས་དོན་ལ་མཐོང་ཆེན་བྱས་པ་མཚོན་པ་མ་ཟད། རང་སྐྱོང་ལྗོངས་འབྲུབ་འགོག་བབ་བསྟུན་ཉེན་སེལ་རུ་ཁག་གི་དངོས་རྫས་གྲབས་གསོག་ལས་དོན་ལ་ཁས་ལེན་གང་ལེཌ་བྱས་པ་ཡང་མཚོན་ཡོད།

གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་འབྲུབ་འགོག་བབ་བསྟུན་ཉེན་སེལ་རུ་ཁག་གིས་ཡང་འབད་བསྐྱར་འབད་བྱས་ཏེ་མཛོད་ཉར་གྱི་གདིང་གཞི་གཙང་བཤེར་ཡག་པོ་བྱས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་འགོག་ཟོན་དང་སེལ་བ་དང་ཞན་ཆ་མཐའ་གཅིག་ཏུ་བསལ་ཐོག་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་རྒྱུ་རེད།