འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་པའི“དངོས་འཐབ་ཅན་ལ་སྐུལ་འདེད་གཏོང་བའི་ལོའི”བྱེད་སྒོའི་དཔྱད་ཞིབ་ཀྱི་ཞིབ་བཤེར་རྩིས་ལེན་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེཌ་གྲུབ་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁྲིམས་འཛིན་ཉེན་རྟོག་པ་312ད་ཐེངས་ཀྱི་སྦྱོང་བརྡར་དཔྱད་ཞིབ་ནང་ཞུགས་པ་དེས་ལྗོངས་ཡོངས་ཀྱི་ཁྲིམས་འཛིན་ཉེན་རྟོག་པའི་བསྡོམས་འབོར་གྱི་84.3%ཟིན་པ་དང་། ཉེན་དོན་ལས་རོགས་མི་སྣ(བདེ་སྲུང་མི་སྣ་ཚུད་པ)27ད་ཐེངས་ཀྱི་སྦྱོང་བརྡར་དཔྱད་ཞིབ་ནང་ཞུགས་པ་དེས་ལྗོངས་ཡོངས་ཀྱི་ཉེན་དོན་ལས་རོགས་མི་སྣའི་བསྡོམས་འབོར་གྱི་56%བཟུང་ཡོད། དཔྱད་ཞིབ་བྱས་པ་བརྒྱུད་དངོས་སྦྱོང་ལ་བརྟེན་ནས་དངོས་འཐབ་ལ་སྐུལ་འདེད་གཏོང་བ་དང་། གཙོ་གནད་ལ་དམ་འཛིན་དང་། ཞན་ཆ་སེལ་བ། བྱང་ཚད་མཐོར་གཏོང་བཅས་བྱུང་ནས་སྦྱོང་བརྡར་ལ་ཞུགས་མཁན་ཁྲིམས་འཛིན་ཉེན་རྟོག་པ་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་དང་། འཇོན་ཐང་ཆེ་རུ། ལས་སྒོའི་བྱང་ཚད་མཐོ་རུ་བཅས་ཕྱིན་ཡོད།