《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

བྱེད་ཐབས་སྣ་མང་སྤྱད་ནས་དཔྱིད་གསར་སྐྱེལ་འདྲེན་འགན་ལེན་བྱེད་པ།

འགྲུལ་པ་བདེ་འཇགས་དང་སྟབས་བདེའི་ངང་འགྲོ་སྐྱོད་ཐུབ་ཆེད། ཉེ་ཆར། ལྷ་ས་མེ་འཁོར་བབས་ཚུགས་ཀྱིས“ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་བསྐྲུན་པ”དང་དཔྱིད་གསར་རིང་ཕྱིར་སྐྱོད་མཁན་གྱིས་བྱ་དགའ་འཐེན་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་འགྲུལ་པས་ལམ་བར་ནས་དུས་ཆེན་གྱི་རྣམ་པ་ཟབ་མོ་ཚོར་བ་དང་། མཚོ་བོད་ལྕགས་ལམ་ལྷ་ས་འཁོར་དོན་དུམ་བུས་འགྲུལ་པ་བབས་ཚུགས་ནས་འགྲོ་འོང་བྱེད་པའི་ལས་རིམ་ལེགས་སུ་གཏོང་བ། བབས་ཚུགས་སུ་ཡོང་སྐབས་ཞིབ་བཤེར་དང་བབས་ཚུགས་ཀྱི་འཕྲོད་བསྟེན་དང་དུག་སེལ་སོགས་ཀྱི་ལས་དོན་ཡག་པོ་སྤེལ་ནས་ཞབས་ཞུའི་སྤུས་ཚད་ལེགས་སུ་བཏང་ཐོག་འགྲུལ་པར་ཕྱིར་སྐྱོད་ཁོར་ཡུག་དེ་བས་ལེགས་པ་བསྐྲུན་པ་རེད། འདི་ནི་ལྷ་སའི་མེ་འཁོར་བབས་ཚུགས་ཀྱི་ལས་དོན་པས་སྤ་སེ་འཚོང་བཞིན་པ།