《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

༄མགྱོགས་བྲིས་འབྱུང་བཞིའི་བཞད་སྒྲ་།

ཀུ་མུད།

ས་།

འདུ་འཛི་ཡི་ངར་སློང་ཁྲོད།།

ལྷིང་འཇཌ་ཀྱི་ཚུགས་ཀ་བརྟན། །

ལྷིང་འཇཌ་ཀྱི་འཛིན་མའི་མཐུས། །

བདེ་སྐྱིད་ཀྱི་ཉིན་བྱེད་འགྱོག།

ཆུ་།

ཆུ་ཟླ་ཡི་སྣང་ཚུལ་ལས། །

སྒྱུ་མ་ཡི་ལོག་ཤེས་རྟོགས། །

སྒྱུ་མ་ཡི་རྟོགས་སད་ལས། །

བརྩོན་སེམས་ཀྱི་སྤོབས་པ་འཛིན། །

མེ་།

དོགས་སློང་གི་རྩུབ་བརྡར་ལས། །

ཤེས་རབ་ཀྱི་མེ་སྟག་མཆེད། །

ཤེས་རབ་ཀྱི་མེ་སྟག་གིས། །

ཉོན་མོངས་ཀྱི་བདུད་དཔུང་བསྲེཌ། །

རླུང་།

འགྲན་རྩོད་ཀྱི་དྲག་རླུང་ཁྲོད། །

རྣམ་དཔྱོད་ཀྱི་གཤོག་ཟུང་རྒྱས། །

རྣམ་དཔྱོད་ཀྱི་གཤོག་ཟུང་གིས། །

གསར་གཏོད་ཀྱི་དཔའ་དར་གཡོ། །