ལོ་ཟླ་ནི་ཅི་ཞིག་རེད།
ངས་བལྟས་ན། ལོ་ཟླ་ནི་འོད་མདངས་ཤིག་རེད།
མི་ལུས་ལ་གཟི་བྱིན་འབར་བའི་འོད་མདངས་ཤིག་རེད།
ལོ་ཟླ་ནི་ཅི་ཞིག་རེད།
ངས་བལྟས་ན། ལོ་ཟླ་ནི་བརླན་བཤེར་ཞིག་རེད།
ཚེ་སྲོག་ལ་གསོན་ཤུགས་སྦྱིན་པའི་བརླན་བཤེར་ཞིག་རེད།
ལོ་ཟླ་ནི་ཅི་ཞིག་རེད།
ངས་བལྟས་ན། ལོ་ཟླ་ནི་བསིལ་རླུང་ཞིག་རེད།
མིག་ཀོང་གི་མཆི་མ་སྐེམ་པའི་བསིལ་རླུང་ཞིག་རེད།
……
ལོ་ཟླ་དང་འགྲོགས་དུས། ལོ་ཟླ་ནི་ཅི་ཡང་ཡིན་པ་མ་ཚོར།
ལོ་ཟླ་ཟད་དུས། ལོ་ཟླ་ནི་ཐམས་ཅད་ཡིན་པར་ཚོར།