《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

མིག་སྔར་བོད་དུ་ཁྲིམས་རྩོད་པའི་ལས་དོན་ཁང་66དང་ཁྲིམས་རྩོད་པ་724ཡོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཁྲིམས་རྩོད་པའི་འཐུས་མི་ཚོགས་ཆེན་ཐེངས་དྲུག་པ་ནས་ཤེས་རྟོགས་བྱུང་བར། ལོ་ལྔ་ཡི་རིང་། བོད་ཀྱི་ཁྲིམས་རྩོད་པའི་ལས་དོན་ཁང་དང་ལས་གཉེར་ཁྲིམས་རྩོད་པའི་གཞི་ཁྱོན་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། 2016ལོའི་ལས་དོན་ཁང་35དང་ཁྲིམས་རྩོད་པ་282ནས་མིག་སྔར་ལས་དོན་ཁང་66དང་ཁྲིམས་རྩོད་པ་724བར་འཕེལ་རྒྱས་ཕྱིན་ཡོད། བོད་དུ་སྤྱི་ཚོགས་ཀྱི་ཁྲིམས་རྩོད་པ་དང་། བཅའ་ཁྲིམས་རོགས་སྐྱོར་ཁྲིམས་རྩོད་པ། གཞུང་གི་ལས་གནས་ཀུང་སིའི་ཁྲིམས་རྩོད་པ། བོད་སྐྱོར་ཁྲིམས་རྩོད་པ་དང་དེ་བཞིན་མཉམ་འཛུགས་ལས་དོན་ཁང་དང་། གཞུང་ཁོངས་རྒྱུ་ནོར་གྱི་ཁྲིམས་རྩོད་ལས་དོན་ཁང་། མི་སྒེར་གྱི་ལས་དོན་ཁང་བཅས་ཀྱི་རྣམ་པ་མི་འདྲ་བ་མཉམ་དུ་གནས་ནས་ཐུན་མོང་ཡར་རྒྱས་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་ཞིག་རགས་ཙམ་ཆགས་ཡོད་པ་རེད།

ལོ་ལྔའི་རིང་། རང་སྐྱོང་ལྗོངས་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་ཐེར་འདོན་ཁག་22བདག་སྤྲོད་བྱས་པའི་ནང་ཐད་ཀར་ཐག་གཅོད་བྱས་པ་16དང་། བདག་སྤྲོད་བྱས་མེད་པར་སྡེ་ཚན་གཞན་དག་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་5 ཐག་གཅོད་བྱེད་བཞིན་པ་1བཅས་ཡོད་པ་དང་། ཐད་ཀར་ཐག་གཅོད་བྱས་པའི་ཐེར་འདོན་གྱོད་གཞིའི་ཁྲོད་ལས་རིགས་ཀྱི་ཆད་པ་བཅད་པ་་12དང་། ཞུ་གཏུག་མཁན་གྱིས་ཞུ་གཏུག་ཕྱིར་འཐེན་བྱས་པ་1 བར་འདུམ་བྱུང་བ་1 ཆད་པ་གཅོད་མི་དགོས་པ་1བཅས་ཡོད། ཁྲིམས་རྩོད་པའི་ཁེ་དབང་སྲུང་སྐྱོང་གི་རེ་ཞུ་3བདག་སྤྲོད་བྱས་ནས་ཁྲིམས་རྩོད་པའི་ཁེ་དབང་སྲུང་སྐྱོང་བྱས་ཡོད་པ་རེད།