《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

པ་སྣམ་རྫོང་ཁྲིམས་འཛིན་ཅུས་ཀྱིས།

“ཏང་འཛུགས་སྐྱོང་+”ལས་དོན་གྱི་མ་ལག་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ནས་ཁྲིམས་འཛིན་ལས་དོན་ལ“གསར་བརྗེའི་ས་བོན”བཏབ་པ།

འདི་ནི་པ་སྣམ་རྫོང་ཁྲིམས་འཛིན་ཅུས་ཏང་ཀྲི་པུའི་ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་གི་མཉམ་པར་ཡིན་པ།

འདི་ག་ཚགས་པར་ཁང་དུ་པ་སྣམ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། པ་སྣམ་རྫོང་ཁྲིམས་འཛིན་ཅུས་ཀྱིས“ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་སྲིད་དོན་གྱི་བྱས་རྗེས་ཆེ་ཤོས་ཡིན་པའི”བསམ་བློ་བརྟན་པོ་བཙུགས་ནས“ཏང་འཛུགས་སྐྱོང་+”ལས་དོན་གྱི་མ་ལག་ཁྱོན་ཡོངས་ནས་ཁྱབ་སྤེལ་གཏོང་བ་དང་། ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལས་སྒོར་སྐུལ་འདེད་གཏོང་བ། གཞི་རིམ་ཏང་འཛུགས་སྐྱོང་དང་ཁྲིམས་འཛིན་སྲིད་འཛིན་ཁྱབ་ཁོངས་ཀྱི་ལས་དོན་ཁག་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། གཞི་རིམ་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་འགན་ནུས་གང་ལེགས་འདོན་རྒྱུར“གསར་བརྗེའི་ས་བོན”བཏབ་ཡོད་པ་རེད།

“ཏང་འཛུགས་སྐྱོང་དང་བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུ་ཟུང་འབྲེལ” བྱས་ཤིང་། “རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གཏོང་བར་ཏང་ཡོན་གྱིས་སྣེ་ཁྲིད་དེ་བྱ་སྤྱོད་སྤེལ་བ”སོགས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་ནས་འགོ་ཁྲིད་ལས་བྱེད་པར་དམ་འཛིན་བྱས་པ་མ་ཟད། ལས་ཞུགས་བཀོད་སྒྲིག་གི“འགག་རྩའི་ཉུང་ཤས”འོས་སྦྱོར་དང“ཏང་འཛུགས་སྐྱོང་+སྡེ་ཁུལ་གྱི་ལྟ་ཞིབ་བྱ་ཡུལ་མི་སྣ”ཟུང་འབྲེལ་བྱས་པ་བརྒྱུད་ཏང་འཛུགས་སྐྱོང་དང་སྡེ་ཁུལ་གྱི་ལྟ་ཞིབ་བྱ་ཡུལ་མི་སྣ་སྦྲེལ་མཐུད་དམ་ཟབ་ཡོང་བར་སྐུལ་འདེད་ཐུབ་ནས་སྡེ་ཁུལ་ལྟ་ཞིབ་བྱ་ཡུལ་མི་སྣ་དོ་དམ་གྱི་སྤུས་ཚད་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཡོད། ཁྲིམས་འཛིན་ཅུས་ཀྱིས་གྲོང་ཚོའི་ཏང་ཀྲི་པུའུ་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས་སྡེ་ཁུལ་གྱི་ལྟ་ཞིབ་བྱ་ཡུལ་མི་སྣ་གྲོང་ཚོ་དང་གྲོང་ལྷན་གྱི་འཕྲོད་བསྟེན་གཙང་སྦྲ་དང་སྤྱི་པའི་སྒྲིག་བཀོད་སྲུང་སྐྱོང་དང་ཉམས་གསོ་སོགས་ཀྱི་སྤྱི་ཕན་བྱེད་སྒོའི་ནང་ཞུགས་སུ་བཅུག་པས་སྡེ་ཁུལ་གྱི་ལྟ་ཞིབ་བྱ་ཡུལ་མི་སྣ་ཁོངས་གཏོགས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཞུགས་ཚད་སྔར་བས་མང་དུ་སོང་ནས་མང་ཚོགས་ཀྱིས་སྡེ་ཁུལ་ལྟ་ཞིབ་བྱ་ཡུལ་མི་སྣར་འཛིན་པའི་རྣམ་འགྱུར་ལེགས་སུ་ཕྱིན་ཡོད།

“ཏང་འཛུགས་སྐྱོང་དང་མི་དམངས་འདུམ་འགྲིག་བྱ་རྒྱུ་ཟུང་འབྲེལ”བྱས་ཤིང་། ཏང་གིས་མི་དམངས་འདུམ་འགྲིག་གི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་འཛུགས་སྐྱོང་གི་ལས་དོན་དེ་མི་དམངས་འདུམ་འགྲིག་ལས་དོན་གྱི་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད། མི་དམངས་འདུམ་འགྲིག་ཨུ་ལྷན་དང་འདུམ་འགྲིག་པའི་ཁོངས་མི་ལེགས་འདེམས་ཀྱི་ཆ་རྐྱེན་ནང་ཆབ་སྲིད་ཀྱི་ཚད་གཞི་དང་ཏང་གཤིས་ཀྱི་བླང་བྱ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་མི་དམངས་འདུམ་འགྲིག་ཨུ་ལྷན་གྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་དུས་ཐོག་ཏུ་སྤེལ་ཏེ། མི་དམངས་འདུམ་འགྲིག་པའི་དཔུང་ཁག་ཧྲག་འདེམས་དང་སྟོབས་ཆེར་བཏང་ནས་མི་དམངས་འདུམ་འགྲིག་པའི་དཔུང་ཁག་དེ“གྲངས་ཚད”ནས“སྤུས་ཚད་”ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་ཡོན་འདུམ་འགྲིག་པས་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་རྒྱུའི་འབོད་སྐུལ་ཧུར་ཐག་བྱེད་པ། སྤུས་རྟགས་འདུམ་འགྲིག་ཁང་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་སྒོ་ནས་མི་དམངས་འདུམ་འགྲིག་གི“གསར་བརྗེའི་གཡུལ་ས”ནུས་ཤུགས་ཡོད་རྒུས་བཏོད་ཡོད།

“ཏང་འཛུགས་སྐྱོང་དང་སྤྱི་པའི་བཅའ་ཁྲིམས་ཞབས་འདེགས་ཞུ་རྒྱུ་ཟུང་འབྲེལ”བྱས་ཤིང་། ཁྲིམས་འཛིན་སྲིད་འཛིན་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ཁྲིམས་སྐྱོང་དྲིལ་བསྒྲགས་དང་། ཁྲིམས་རྩོད་པ། བཅའ་ཁྲིམས་རོགས་སྐྱོབ། བཅའ་ཁྲིམས་བློ་འདྲི། དྲང་གཞག མི་དམངས་འདུམ་འགྲིག་སོགས་ཀྱི་འགན་ནུས་གང་ལེགས་བཏོན་ནས་གཞི་རིམ་དུ་བསྐྱོད་དེ་གཞི་རིམ་མང་ཚོགས་ལ་ངོ་ཐུག་གདོང་འཕྲད་ཀྱིས་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུས་པ་དང་། བཅའ་ཁྲིམས་ཞབས་ཞུའི་ལས་རིགས་གཏིང་ཟབ་དང་རྒྱ་སྐྱེད་གཏོང་རྒྱུ་དམ་འཛིན་བྱ་གཞིར་བཟུང་ནས་ཏང་འཛུགས་སྐྱོང་ཚད་ལྡན་ཅན་དུ་འགྱུར་བར་བརྟེན་ཏེ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ་དང་། ལས་རིགས་ཀྱི་ཁྱད་ཆོས་གང་ལེགས་བཏོན་པ། མང་ཚོགས་ཀྱི་བཅའ་ཁྲིམས་ཀྱི་དོགས་གནད་བསལ་ཡོད། བཅའ་ཁྲིམས་ཞབས་ཞུའི་བྱེད་སྒོ་སྤེལ་རིང་། ཏང་ཡོན་བློ་མཐུན་གྱིས་ཏང་གི་རྟགས་མ་འདོགས་པ་དང་། རང་ཉིད་ཀྱི་གནས་བབ་གསལ་སྟོན་བྱེད་པ། ནུས་པ་ཧུར་ཐག་འདོན་པ་བཅས་བྱས་པས་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཀྱི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ཡོད།

“ཏང་འཛུགས་སྐྱོང་དང་དང་བླངས་བྱེད་སྒོ་སྤེལ་རྒྱུ་ཟུང་འབྲེལ”བྱས་ཤིང་། པ་སྣམ་རྫོང་ཁྲིམས་འཛིན་ཅུས་ཀྱི་ཏང་རྩ་འཛུགས་ཀྱི“གཅེས་སེམས་ཐེབས་རྩར”བརྟེན་ནས་འཚོ་བར་དཀའ་ངལ་ཡོད་པའི་སྡེ་ཁུལ་གྱི་ལྟ་ཞིབ་བྱ་ཡུལ་མི་སྣར་རོགས་སྐྱོབ་དང་སློབ་གསོ་རྒྱག་མཁན་བཀོད་སྒྲིག་བྱས་ཡོད། ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་འགན་ནུས་འདོན་རྒྱུ་དང་ཟུང་འབྲེལ་བྱས་ཏེ“དང་བླངས་ངང་བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུ་ཚང་མའི་བྱ་སྤྱོད་དུ་འགྱུར་བའི”བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་ནས། དང་བླངས་ཞབས་ཞུ་དང་ཁྲིམས་འཛིན་སྲིད་འཛིན་གྱི་འགན་ནུས་ཟུང་འབྲེལ་དམ་ཟབ་བྱས་ཏེ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་ཁྲོད་ཏང་ཡོན་ལས་བྱེད་པས་རང་དཔེ་གཞན་སྟོན་དང་། སྣེ་ཁྲིད་ཀྱི་མིག་དཔེ། དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་ལས་དོན་ཁག་བདེ་བླག་ངང་བསྒྲུབ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།