《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

2021ལོར་རྒྱལ་ཡོངས་སུ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཐོན་ཚད་དུས་མཚུངས་ལས་11%ཆག་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ཡིས་འཚོགས་པའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2021ལོར་གནམ་གཤིས་ཞན་པོ་མང་པོ་བསྟན་ནས། བྱང་ཕྱོགས་ཀྱི་ས་ཆ་མང་ཆེ་བར་ལོ་རྒྱུས་ཐོག་མཐོང་དཀོན་པའི་སྟོན་ཀའི་འབྲུག་ཆུ་ཐོན་པའི་གནས་ཚུལ་འོག རྒྱལ་ཡོངས་འཕྲལ་སྡོམ་དོ་དམ་མ་ལག་གིས་གནོད་འཚེའི་ལས་འཛོལ་རབ་དང་རིམ་པ་ནུས་ལྡན་དང་། གོ་རིམ་ལྡན་པ། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་ཐག་གཅོད་བྱས་པས་རྒྱལ་ཡོངས་ཀྱི་བདེ་འཇགས་དུས་བབ་མུ་མཐུད་བརྟན་ཐོག་ལེགས་འཕེལ་བྱུང་ཡོད། 2021ལོར་རྒྱལ་ཡོངས་སུ་བདེ་འཇགས་ཐོན་སྐྱེད་ལས་འཛོལ་ཐོན་ཚད་དང་མི་སྣ་འཆི་བའི་གྲངས་ཚད་དུས་མཚུངས་ལས་སོ་སོར་11%དང་5.9%ཆག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་ཟླ་27བསྟུད་མར་དམིགས་བསལ་གྱི་ལས་འཛོལ་གལ་ཆེན་ཐོན་མེད་པའི་ལོ་རྒྱུས་ཀྱི་བར་ཐག་རིང་ཤོས་བཏོད་ཡོད། གནོད་འཚེ་ཕོག་མཁན་མི་ཐེངས་དང་། གནོད་འཚེའི་རྐྱེན་གྱིས་མི་སྣ་འཆི་བ་དང་གར་སོང་ཆ་མེད་དུ་སོང་བའི་མི་གྲངས། ཁང་པ་བརྡིབས་པའི་གྲངས་འབོར་དང་ཐད་ཀའི་དཔལ་འབྱོར་གྱོང་གུན་བཅས་ཉེ་བའི་ལོ་5དང་བསྡུར་ན་སོ་སོར་28%དང་། 10% 19% 5%བཅས་ཆག་ཡོད་པ་རེད།