《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

“པེ་ཅིང་དུ་ལྷན་འཛོམས་བྱེད། ལང་ཚོའི་དགུན་དུས་ཨོ་རྩལ”གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་པེ་ཅིང་དུ་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། “པེ་ཅིང་དུ་ལྷན་འཛོམས་བྱེད། ལང་ཚོའི་དགུན་དུས་ཨོ་རྩལ”ཞེས་པའི་རྒྱལ་སྤྱིའི་རི་མོ་དང་བརྙན་ཐུང་གི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ་རྒྱལ་སའི་འཁྱགས་ཤུད་ཁང་དུ་གཉེར་བ་རེད།

ད་ཐེངས་ཁ་ན་ཏ་རྒྱལ་སྤྱིའི་སློབ་གྲྭ་དང་། པེ་ཅིང་ཨུ་རུ་སུའི་རིག་གནས་ལྟེ་གནས། ཕ་ཁི་སི་ཐན་གཞུང་ཚབ་ཁང་གི་སློབ་ཆུང་བཅས་དང་དེ་བཞིན་པེ་ཅིང་དང་། ཐེན་ཅིན། བོད་ལྗོངས། ཧུའུ་པེ་སོགས་སློབ་གྲྭ་འབྲིང་ཆུང་40ལྷག་ཙམ་གྱི་རི་མོའི་བརྩམས་ཆོས་དང་ཡིག་གཟུགས་བརྩམས་ཆོས་1000ལྷག་ཙམ་དང་རི་མོ་མཁས་ཅན་གྲགས་ཅན་100ལྷག་ཙམ་གྱི་ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན་བྱས་པ་རེད། དེའི་ནང་ཀྲུང་གོའི་ཡིག་གཟུགས་དང་། ཆུ་ཚོན་རི་མོ། སྣུམ་ཚོན་རི་མོ་སོགས་སྒྱུ་རྩལ་གྱི་རིགས་མང་པོ་ཚུད་ཡོད།