《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་བརྗོད་དོན།

རང་རྒྱལ་གྱི་ཚོང་རྟགས་སྤུས་རྟགས་འཕེལ་རྒྱས་ས་ཁོངས་ཀྱི་ཁྱད་པར་སྔར་བཞིན་མངོན་གསལ་དོད་པོ་ཡོད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཤེས་བྱའི་བདག་དབང་བེད་སྤྱོད་སྐུལ་འདེད་སིས་ཀྲུང་ཧྭའི་ཚོང་རྟགས་མཐུན་ཚོགས་ལ་མཛུབ་ཁྲིད་བྱས་ནས《ཀྲུང་གོའི་ཚོང་རྟགས་སྤུས་རྟགས་ཀྱི་འཕེལ་རྒྱས་སྟོན་གྲངས(2021ལོ)》བཟོས་ནས་བཀྲམ་སྟེ། 2020ལོའི་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་ཚོང་རྟགས་སྤུས་རྟགས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ཆུ་ཚད་ལ་སྟོན་གྲངས་ཀྱི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱས་ཤིང་། འབྲས་བུ་ལས་རང་རྒྱལ་གྱི་ཚོང་རྟགས་སྤུས་རྟགས་ཀྱི་འཕེལ་རྒྱས་འགྲོ་ཚུལ་སྤྱིར་ན་ལེགས་མོད། འོན་ཀྱང་ཤར་རྒྱུད་མཐོ་བ་དང་དབུས་རྒྱུད་དང་ནུབ་རྒྱུད་དམའ་བ་དང་ལྷོ་ཕྱོགས་སྟོབས་ཆེ་བ་དང་བྱང་ཕྱོགས་ཞན་པའི་ས་ཁོངས་ཀྱི་ཁྱད་པར་སྔར་བཞིན་མངོན་གསལ་དོད་པོ་ཡོད་པ་མངོན་ཡོད།

2021ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《“ལོ་ལྔ་ཚན་བཅུ་བཞི་པའི”རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་དང་བེད་སྤྱོད་འཆར་འགོད》བཀྲམ་ནས། ཚོང་རྟགས་སྤུས་རྟགས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་བཀོད་སྒྲིག་བྱས་པ་མ་ཟད། “ཚོང་རྟགས་སྤུས་རྟགས་ཀྱི་འཛུགས་སྐྱོང་འདུ་འགོད”ཀྱི་ཆེད་སྒྲོམ་བཟོས་ཏེ“ལས་རིགས་མཐུན་ཚོགས་དང་། མཐོ་སློབ། ཚན་ཞིབ་སྒྲིག་གཞི་སོགས་ཀྱིས་ཚོང་རྟགས་སྤུས་རྟགས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་སྣེ་ཁྲིད་བྱས་ནས་སྤུས་རྟགས་ཀྱི་སྤུས་ཚད་ལ་ཞིབ་འཇུག་དང་། གདེང་འཇོག ལྟ་ཞིབ་ཚད་ལེན་བཅས་བྱེད་དགོས”ཞེས་བཏོན་ཡོད། “ཀྲུང་གོའི་ཚོང་རྟགས་སྤུས་རྟགས་ཀྱི་འཕེལ་རྒྱས་སྟོན་གྲངས”ཀྱི་དམིགས་ཡུལ་ནི་ས་ཁུལ་ཁག་གི་ཚོང་རྟགས་སྤུས་རྟགས་ཀྱི་འཕེལ་རྒྱས་ཆུ་ཚད་དང་འཛུགས་སྐྲུན་ཕན་འབྲས་ལ་ཚད་འབེབས་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱས་ཏེ། རིམ་ཁག་སྲིད་གཞུང་གིས་འབྲེལ་ཡོད་སྲིད་ཇུས་དང་ལས་རྗེས་གདེང་འཇོག་བཟོ་རྒྱུར་རམ་འདེགས་ཡོ་བྱད་འཚོལ་ཞིབ་བྱ་ཆེད་རེད།