《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

བོད་ལྗོངས་གཞིས་རྩེའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས།

“གཟུགས་པོ་ལ་སྦྱོང་བརྡར་སྤྲས། མཐའ་མཚམས་ལ་བྱས་རྗེས་འཇོག”པའི་ཉེན་རྟོག་དམག་སྒར་གྱི་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། 2022ལོའི་གནམ་ལོ་གསར་ཚེས་རིང་། འཁྲུག་ཆ་དོད་ལ་རྣམ་པ་གསར་རྐྱང་གི་ལོ་གསར་སྤྲོ་སྐྱིད་བྱེད་སྒོ་ཞིག་བོད་ལྗོངས་གཞིས་རྩེའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཏུ་སྤེལ་ཞིང་། སྤྲོ་སྣང་ལྡན་པའི་བྱེད་སྒོ་སྣ་ཚོགས་སྤེལ་བ་ལས་དུས་རྒྱུན་གྱི་སྦྱོང་བརྡར་བྱ་ཡུལ་དེ་རོལ་རྩེད་དོ་རར་གྱུར་པ་དང་། དམག་སྒར་གྱི་གང་སར་སྤྲོ་སྣང་ལྡན་ལ་ཞི་མཐུན་མཉམ་གནས་ཀྱི་དུས་ཆེན་གྱི་རྣམ་པས་ཁེངས་ཤིང་། དེ་ལས་མི་དམངས་ཉེན་རྟོག་པ་ཚོའི་གནོན་ཤུགས་ཆུང་དུ་སོང་བ་མ་ཟད། བྱེད་སྒོའི་ཞོར་དུ་མི་དམངས་ཉེན་རྟོག་པ་ཚོར་སློབ་གསོ་ཡང་ཐེབས་ཡོད།

པར་①ནི་མི་དམངས་ཉེན་རྟོག་པས་འགྲན་བསྡུར་གྱི་བྱ་དགའ་ལེན་བཞིན་པ།

པར་②ནི་མི་དམངས་ཉེན་རྟོག་པས་རྐང་རྩེད་སྤོ་ལོ་འགྲན་བསྡུར་བྱེད་བཞིན་པ།

པར་③ནི་ད་ཐེངས་ཀྱི་བྱེད་སྒོར་ཞུགས་མཁན་མི་དམངས་ཉེན་རྟོག་པ་ཚོས་མཉམ་དུ་པར་རྒྱག་བཞིན་པ།