《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

བྲག་ཡིབ་ཆུས་པད་མ་སྒང་ཁྲོམ་གཞུང་གིས།

བྱ་ཐབས་སྣ་མང་སྤྱད་དེ་སྡེ་ཁུལ་གྱི་གཞི་རིམ་བཅོས་སྐྱོང་ནུས་པར་ཤུགས་སྣོན་བརྒྱབ་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཞབས་ཞུའི་ཁྱབ་ཁོངས་དེ་སྤུས་ཚད་མཐོ་བ་དང་སྣ་མང་ཅན་དུ་རིམ་པ་སྤོར་བར་སྐུལ་འདེད་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བ་དང་སྡོད་གནས་ཀྱི་དགོས་མཁོ་སྐོང་ཆེད། འདི་ལོ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་པད་མ་སྒང་ཁྲོམ་གཞུང་གིས“ཏང་འཛུཌ་སྐྱོང་གིས་གྲོང་མིའི་རང་སྐྱོང་ལ་སྣེ་ཁྲིད་དང་། ཐུན་མོང་ཐོག་ཞི་མཐུན་ཁུལ་ཆུང་གཏོད་པ”བརྗོད་དོན་གཙོ་བོར་བྱས་ཏེ“ཏང་འཛུཌ་སྐྱོང་གིས་སྣེ་ཁྲིད་པ་དང་། ཏང་ཡོན་གྱིས་དོ་དམ་བྱེད་པའི’”སྤུས་རྟགས་ཁུལ་ཆུང་ཞིག་བཏོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། པད་མ་སྒང་ཁྲོམ་གཞུང་གིས་བྱ་ཐབས་སྣ་མང་སྤྱད་དེ་སྡེ་ཁུལ་གྱི་གཞི་རིམ་བཅོས་སྐྱོང་ནུས་པར་ཤུགས་སྣོན་ཏན་ཏིག་བརྒྱབ་ཡོད་པ་སྟེ། གཅིག་ནས“དུད་ཁྱིམ་གཅིག་དང་། ཁོངས་མི་གཅིག ཉེན་རྟོག་པ་གཅིག”བཅས་ཀྱི་ཡོངས་བསྒྲགས་སྒྲོམ་བཙུགས་ནས“དོན་ཆུང་དུད་སྦྲེལ་ནས་ཐག་གཅོད་ཐུབ་པ་དང་། དོན་འབྲིང་སྡེ་ཁུལ་ནས་ཐག་གཅོད་ཐུབ་པ། དོན་ཆེན་ཁྲོམ་གཞུང་ནས་ཐག་གཅོད་ཐུབ་པ”བཅས་ཀྱི་གཞི་རིམ་སྡེ་ཁུལ་བཅོས་སྐྱོང་ཞབས་ཞུའི་རྣམ་པ་གསར་པ་ཞིག་ཆགས་པར་བྱས་ཡོད། གཉིས་ནས“ཁྱིམ་འཚོལ”བྱ་སྤྱོད་ཀྱི་རྩ་གཉིས་ཨང་རྟགས་དང“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”རྩ་གཉིས་ཨང་རྟགས་ཁ་སྣོན་བྱས་ཏེ། ཏང་ཡོན་གྱིས་རོགས་རམ་བྱ་ཡུལ་རྙེད་པ་དང་མང་ཚོགས་ཀྱིས་དྲོ་སྐྱིད་ཚོར་བ་བྱས་ཏེ། མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་རེ་སྒུག་ཆེ་ཤོས་བྱེད་པའི་གནད་དོན་ཐག་གཅོད་བྱེད་པ་ནས་འགོ་བརྩམས་ཏེ་གྲོང་མི་མང་ཚོགས་ཀྱི་སྐྱིད་སྣང་དང་། བདེ་འཇགས་ཚོར་སྣང་། བློ་ཡིད་ཚིམ་ཚད་བཅས་རྒྱུན་མཐུད་ཆེ་རུ་བཏང་ཡོད། གསུམ་ནས“ཏང་ཡོན་དོ་དམ་པའི”རྩ་འཛུགས་སྒྲིག་གཞི་བཙུཌ་ནས“ཕྱོགས་གསུམ་གཞི་གཅིག”(སྡེ་བདག་ཨུ་ལྷན+ཏང་ཡོན+“ཉིས་ལྡན་དུད་སྦྲེལ”)ཁུལ་ཆུང་རང་སྐྱོང་རང་འདོམས་ཀྱི་ལམ་བུ་བཏོད་དེ་མཉམ་དུ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་ཡོད་པ་རེད།