《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

ཁྲོན་བོད་ཁྲལ་དོན་སྡེ་ཚན་གྱིས་མཉམ་དུ་ཏང་འཛུགས་སྐྱོང་གི་སྤེལ་རེས་ཟླ་བའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་དང་སི་ཁྲོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱིས་ཁྲེང་ཏུའུ་གྲོང་ཁྱེར་དུ“ལེ་དབར་སྟོང་གི་ཁྲོན་བོད་ལམ་རྒྱུད་དུ་ཏང་འཛུགས་སྐྱོང་གི་འཆར་གཞི་ཐུན་མོང་ཐོག་འགོད་པའི”ཁྲོན་བོད་ཁྲལ་དོན་སྡེ་ཚན་གྱི་ཏང་འཛུགས་སྐྱོང་གི་སྤེལ་རེས་ཟླ་བ་དང་སྔོན་ཐོན་དཔེ་མཚོན་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་ཁྲོན་བོད་ཁྲལ་དོན་སྡེ་ཚན་གྱི་ཏང་འཛུགས་སྐྱོང་གི་སྤེལ་རེས་ཟླ་བ་དང་སྔོན་ཐོན་དཔེ་མཚོན་སྒྲོག་འགྲེལ་བྱེད་སྒོ་ནི་ཁྲོན་བོད་ཀྱི་ཁ་གཏད་རོགས་ལས་རོགས་སྐྱོར་གྱི་ནང་དོན་གལ་ཆེན་ཞིག་རེད། ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས“ཞིང་ཆེན་གཅིག་གིས་གྲོང་ཁྱེར་གཅིག་ལ་རོགས་སྐྱོར་བྱེད་པའི”བཀོད་སྒྲིག་བླང་བྱར་སྔར་བས་སྐུལ་འདེད་གཏོང་ཆེད། 2021ལོའི་ཟླ་བརྒྱད་པར་ཁྲོན་བོད་ཁྲལ་དོན་སྡེ་ཚན་གྱིས《ཁྲོན་བོད་ས་གནས་གཉིས་ཀྱི་ཁྲལ་དོན་གྱི་ཁ་གཏད་རོགས་ལས་རོགས་སྐྱོར་གཏིང་ཟབ་ཏུ་གཏོང་བའི་གྲོས་མཐུན》ལ་མིང་རྟགས་བཀོད་དེ་ཏང་འཛུགས་སྐྱོང་ལ་སྣེ་ཁྲིད་དང་། སྒྱུར་བཅོས་ལ་སྐུལ་འདེད། དཔུང་ཁག་འཛུགས་སྐྱོང་། གྲོང་གསེབ་དར་རྒྱས་སོགས་ལག་བསྟར་བྱེད་ཕྱོགས་མང་པོ་ཞིག་ནས་རོགས་སྐྱོར་མཉམ་སྐྲུན་འཆར་གཞི་བཟོས་ཏེ་ཁྲོན་བོད་ཁྲལ་དོན་གྱི་ཁྱོན་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་སྤེལ་རེས་མཉམ་ལས་ཀྱི་འཆར་གཞི་བཀོད་ཡོད། མིག་སྔར་ཁྲོན་བོད་ས་གནས་གཉིས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་དོན་འཁྱོལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་། གཞོགས་འདེགས་རོགས་སྐྱོར་གྱི་ལས་དོན་ཁག་རིམ་བཞིན་སྤེལ་བ། ཞིང་ཆེན(རང་སྐྱོང་ལྗོངས)དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་མཉམ་ལས་བྱ་ཡུལ་དང་། སྡེ་ཚན་10ཡི་མི་སྣ་འབྲེལ་མཐུད། ཞིབ་ཕྲའི་ལས་དོན་ཁག་23བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་སུ་འགྱུར་བཞིན་ཡོད་པ་རེད།