《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

2021ལོའི་ལོ་སྟོད་དུ་ལྷ་སས་རི་སྐྱེས་སྲོག་ཆགས་22བསྐྱབས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། རི་སྐྱེས་སྲོག་ཆགས་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱ་ཆེད། ད་ཕན་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ནན་ཏན་བྱས་ཏེ། སྲུང་སྐྱོང་དོ་དམ་གྱི་འགན་འཁྲིའི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་བ་དང་། གཙོ་གནད་སྲུང་སྐྱོང་ཁྲིམས་འཛིན་ཆེད་དོན་བྱ་སྤྱོད་སྤེལ་བ། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཐོན་ཁུངས་ལ་གཏོར་བཤིག་ཚབས་ཆེན་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་བཅས་བྱས་ཏེ། རྒྱུན་གཏན་ནས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོང་དང་དོ་དམ་ལས་དོན་ལ་ཤུཌ་སྣོན་བརྒྱབ་ཡོད།

2020ལོ་ནས་བཟུང་། ཐེར་འདོན་ཁ་པར་བརྒྱུད་ལྷ་ས་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་མང་ཚོགས་ཀྱིས་རི་སྐྱེས་སྲོག་ཆགས་བསྐྱབས་ཐེངས་15དང་ཐེར་འདོན་བྱས་པའི་གྱོད་གཞི་8ལ་ཐག་གཅོད་བྱས་པ་དང་སྲུང་སྐྱོང་སྲོག་ཆགས་ལས་བཟོས་པའི་ཐོན་རྫས་9གཞུང་བཞེས་བཏང་ནས་ཆད་པ་བཅད་ཡོད། 2021ལོའི་ལོ་སྟོད་དུ། རི་སྐྱེས་སྲོག་ཆགས་22བསྐྱབས་པའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲོག་ཆགས་5དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲོག་ཆགས་17ཡོད་པ་རེད།