《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

བོད་ལྗོངས་མངའ་རིས་ཀྱི་ས་བབ་མཐོ་ཚད་སྨི་5300རུ་སྐོར་གཡེང་བྱེད་པ།

ཉེ་ཆར། སྲོག་གནས་དཀའ་ཁུལ་དུ་བཅའ་སྲུང་བྱེད་པའི་མངའ་རིས་ཡན་ལག་དམག་ཁུལ་ཁང་མཐའ་མཚམས་ཐོན་ཤོག་ཅིག་གི་སྐོར་གཡེང་ཡན་ལག་རུ་ཁག་གིས་རྟ་བཞོན་པ་དང་རྐང་ཐང་མར་ཕྱིན་ནས་འཆར་གཞི་ལྟར་ས་བབ་མཐོ་ཚད་སྨི་5300ལྷག་ཙམ་ཟིན་པའི་ལུང་མདོ་ཞིག་ཏུ་སྐོར་གཡེང་བྱས་ཤིང་། དཔོན་དམག་ཚོས་གྲང་ཟུག་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་སུམ་ཅུ་ལྷག་ཙམ་ཟིན་པ་ཁྱད་དུ་བསད་དེ། གངས་ཁྲོད་དུ་སྐོར་གཡེང་དང་མཐའ་མཚམས་ཀྱི་འཐབ་སར་རྣམ་པ་དམིཌ་བསལ་ལ་བརྟེན་ནས་ལོ་གསར་པར་བསུ་བ་ཞུས་ཏེ་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་འགན་ལེན་བྱས་པ་རེད།

↑ འདི་ནི་མངའ་རིས་ཡན་ལག་དམག་ཁུལ་ཁང་མཐའ་མཚམས་ཐོན་ཤོག་ཅིག་གི་སྐོར་གཡེང་དཔོན་དམག་ཚོས་མཐའ་མཚམས་ཀྱི་འཐབ་སར་སྒྲིག་འཛུགས་བྱས་ནས་དམ་འཇོག་བྱེད་བཞིན་པ།

→ འདི་ནི་མངའ་རིས་ཡན་ལག་དམག་ཁུལ་ཁང་མཐའ་མཚམས་ཐོན་ཤོག་ཅིག་གི་སྐོར་གཡེང་དཔོན་དམག་ཚོས་གངས་ཁྲོད་ས་ཚིགས་སུ་སྐྱོད་བཞིན་པ།