《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བོད་ལྗོངས་ཧྥུ་ཁང་སྨན་ཁང་དང་མཉམ་དུ། གྲོང་སྡོད་ལས་དོན་ས་ཚིགས་ཏེ་ལྷུན་གྲུབ་རྫོང་ལན་པོ་གྲོང་ཚོའི་མང་ཚོགས་ལ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་བྱེད་སྒོ་སྤེལ་རིང་། ཡུལ་མི་ཚོར་ཕོ་བ་དང་རྒྱུ་མའི་སྨན་དང་། ཆམ་པའི་སྨན། ཁྲག་ཤེད་གཅོག་པའི་སྨན་སོགས་སྒོར་ཁྲི་2རི་བའི་སྨན་20ལྷག་ཙམ་སྤྲད་པ་མ་ཟད། ལན་པོ་གྲོང་ཚོའི་མང་ཚོགས་བརྒྱ་ལྷག་ཙམ་ད་ཐེངས་ཀྱི་སྨན་བཅོས་བྱེད་སྒོར་ཞུགས་པ་རེད།