《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

ཆུ་ཤུར་རྫོང་གིས།

“ཡིད་རྟོན་ལ་བརྟེན་ནས་ཚོང་ལས་དར་བའི”དྲིལ་བསྒྲགས་ཟླ་བའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཨུད་དྲིལ་བསྒྲགས་པུའི་ཏང་ཀྲི་པུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཏང་ཀྲི་པུའུ་དང་དཔལ་འབྱོར་ཆ་འཕྲིན་ཅུས་དང་ཁྲིམས་འཛིན་ཅུས་སོགས་སྡེ་ཚན་དང་མཉམ་དུ་རྫོང་གི་མི་སྣ་འདུ་འཛོམས་ཆེ་ཁུལ་དུ“ཡིད་རྟོན་ལ་བརྟེན་ནས་ཚོང་ལས་དར་རྒྱས་གཏོང་བའི”དྲིལ་བསྒྲགས་ཟླ་བའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་བྱེད་སྒོས“ཡིད་རྟོན་ལ་བརྟེན་ནས་ཚོང་ལས་དར་རྒྱས་གཏོང་རྒྱུ་དར་སྤེལ་དང་། དྲང་གཞག་གི་སྒྲིག་ལམ་སྲུང་སྐྱོང་། བློ་བདེའི་འཛད་སྤྱོད་ཁྲོམ་ར་གཏོད་པ། ཞི་མཐུན་གྱི་སྤྱི་ཚོགས་མཉམ་དུ་སྐྲུན་པ”བཅས་བརྗོད་དོན་གཙོ་བོར་བཟུང་ཡོད། བྱེད་སྒོ་སྤེལ་ཡུལ་དུ་སྦྱར་ཡིག་མང་པོ་བཀལ་ཡོད་པ་དང་ཏང་ཡོན་ལས་བྱེད་པ་དང་། དང་བླངས་པ། ཚོང་ཁང་བཅས་ཀྱི་འཐུས་མིས་འབོད་སྐུལ་བྱས་དོན། ཚོང་གཉེར་བྱེད་མཁན་གྱིས་ཟོལ་མེད་ཡིད་རྟོན་དར་སྤེལ་དང་། ཡིད་རྟོན་གྱི་ཉམས་འགྱུར་མངོན་པ། སྤུས་དག་གི་འཛད་སྤྱོད་ཁྲིད་སྟོན་དུ་བཟུང་བ་བཅས་བྱས་ཏེ། ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་འགན་འཁྲི་དང་འོས་འགན་བསྒྲུབས་པ་དང་ཆབས་ཅིག འཛད་སྤྱོད་པར་སྤུས་དག་གི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་དང་ནུས་པ་ཆེ་རུ་གཏོང་དགོས། གཞན་ཡང་ཚོང་དུད་དང་མང་ཚོགས་ལ“ཡིད་རྟོན་ལ་བརྟེན་ནས་ཚོང་ལས་དར་རྒྱས་གཏོང་བའི”གྲོས་འགོའི་ཡི་གེ་དང་འབྲེལ་ཡོད་དྲིལ་བསྒྲཌ་ལག་དེབ་སྤྲོད་པའི་བྱེད་སྒོ་སྤེལ་བ་རེད།

ད་རེས་ཀྱི“ཡིད་རྟོན་ལ་བརྟེན་ནས་ཚོང་ལས་དར་རྒྱས་གཏོང་བའི”དྲིལ་བསྒྲགས་ཟླ་བའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཁྲོམ་རའི་བྱེད་པོའི་ཡིད་རྟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཡིད་རྟོན་གྱི་རྣམ་པ་བཟང་པོ་སྔར་བས་གཏོད་པ་བཅས་བྱས་ཏེ། རྫོང་དེའི་ཁྲོམ་རའི་གཉེར་སྐྱོང་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།