འདི་ག་ཚགས་པར་ཁང་དུ་འབྲི་རུ་ནས་གློག་འཕྲིན་འབྱོར་གསལ། སློབ་གྲྭ་འབྲིང་ཆུང་གི་དགེ་སློབ་ཚོའི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་དང་རང་ངོས་སྲུང་སྐྱོང་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། ཉེ་ཆར། འབྲི་རུ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཤང་དང་གྲོང་རྡལ་གྱི་མངགས་གཏོང་ཁང་ཁག་དང་མཉམ་དུ་སློབ་གྲྭ་འབྲིང་ཆུང་དུ་2021ལོའི་མཇུག་མཐའི“འགྲིམ་འགྲུལ་བདེ་འཇགས་སློབ་ཚན”ཡག་པོ་ཁྲིད་པ་རེད།
འགྲིམ་འགྲུལ་བདེ་འཇགས་སློབ་ཚན་ཁྲིད་སྐབས། མི་དམངས་ཉེན་རྟོག་པས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་དཔེ་མཚོན་རང་བཞིན་ལྡན་པའི་ལས་འཛོལ་འཇུག་གཞིར་བྱས་ཏེ། ལས་འཛོལ་གྱི་འབྱུང་རྐྱེན་ལ་དབྱེ་ཞིབ་བྱས་པ་མ་ཟད། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་འགྲིམ་འགྲུལ་བདེ་འཇགས་ཁྲིམས་སྲོལ་གྱི་ཤེས་བྱ་མི་འདང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། སློབ་མ་ཚོར་དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར། དགུན་གསེང་བཅས་རིང་། བདེ་འཇགས་ངང་གཞུང་ལམ་ཇི་ལྟར་སྒྲོལ་བ་དང་། བདེ་འཇགས་ངང་རྐང་འཁོར་ཇི་ལྟར་གཏོང་བ། འགྲིམ་འགྲུལ་ལས་འཛོལ་མི་ཐོན་པ་ཇི་ལྟར་བྱེད་པ་དང་། དེ་བཞིན་འགྲིམ་འགྲུལ་ལས་འཛོལ་ཐོན་སྐབས་རོགས་སྐྱོར་རེ་ཞུ་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་བདེ་འཇགས་རྒྱུན་ཤེས་གསལ་འགྲེལ་བྱས་པ་དང་ཆབས་ཅིག དགེ་སློབ་ཚོར་འཁོར་རྟགས་དང་ལག་ཁྱེར་མེད་པའི་སྦག་སྦག་དང་གློག་སྒུལ་འཁོར་རིགས་མི་གཏོང་བ་དང་། ཐོབ་ཐང་ཆ་ཚང་མེད་པའི་འཁོར་རིགས་ལ་མི་སྡོད་པའི་ཁྲིད་སྟོན་བྱས་པ་རེད།
ད་ཐེངས་ཀྱི་སློབ་གྲྭའི“འགྲིམ་འགྲུལ་བདེ་འཇགས་སློབ་ཚན”ཁྲིད་པ་དེས“སྒྲིག་བཀུར་ཁྲིམས་སྲུང་དང་། ཡ་རབས་ངང་ཕྱིར་སྐྱོད། ཚེ་སྲོག་ལ་གཅེས་སྤྲས། ལས་འཛོལ་མི་ཐོན་པ”བཅས་བྱེད་པའི་སློབ་གྲྭ་འབྲིང་ཆུང་གི་དགེ་སློབ་ཚོའི་བདེ་འཇགས་འདུ་ཤེས་ཟབ་ཏུ་ནུས་ལྡན་ཕྱིན་ཡོད་པ་རེད།