《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

རང་ལྗོངས་ཀྱིས་ཞིབ་དཔྱོད་དང་ཉེན་རྟོག་མཐུན་སྦྱོར་གཞོགས་འདེགས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བའི་བསམ་འཆར་བཏོན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་སྤྱི་བདེ་ཐིང་དང་མཉམ་དུ《ཞིབ་དཔྱོད་དང་ཉེན་རྟོག་མཐུན་སྦྱོར་གཞོགས་འདེགས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར》(གཤམ་ལ《བསམ་འཆར》ཞེས་བསྡུ་རྒྱུ)བཏོན་ནས། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཉེས་དོན་གྱོད་གཞི་སྒྲུབ་གཉེར་གྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 《བསམ་འཆར》ནང་སྤྱི་བདེ་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་སྒྲུབ་ལས་དོན་གྱི་དགོས་མཁོར་གཞིགས་ཏེ། ཕན་ཚུན་གྲོས་མོལ་བྱས་ནས་ཁྲིམས་འགལ་ཉེས་གསོག་གི་ཆ་འཕྲིན་གྲངས་གཞི་འདྲི་རྩད་བྱེད་ཆོག་པ་ཁ་གསལ་བཏོན་ཡོད། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཞིབ་དཔྱོད་མི་སྣ་དང་སྤྱི་བདེ་མི་དམངས་ཉེན་རྟོག་པས་ཉེས་དོན་གྱོད་སྒྲུབ་དང་ལྟ་སྐུལ་གྱི་འབྲེལ་ཡོད་གྲངས་གཞི་དང་ཆ་འཕྲིན་བསྡུ་ལེན་དང་སྤྱོད་པའི་དབང་ཆ་ཚད་ལྡན་ནན་པོ་བཟོ་བ་དང་། ཆ་འཕྲིན་འདྲི་རྩད་གོ་རིམ་ཚད་ལྡན་ནན་པོ་བཟོ་བ། གྱོད་སྒྲུབ་ཆ་འཕྲིན་གྱི་བདེ་འཇགས་འགན་ལེན་བྱེད་པ། གསང་བ་ཕྱིར་གྱར་གྱི་འགན་འཁྲི་ཁ་གསལ་བཟོ་དགོས། རིམ་གསུམ་སྤྱི་བདེ་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་དུས་བཀག་ལྟར་གྲོས་མོལ་བྱས་ནས་ཕྱོགས་གཉིས་པོས་དུས་ཐོག་ཏུ་མྱུལ་ཞིབ་ཀྱི་གནད་བསྡུས་ཁ་གསབ་དང་ས་ཁོངས་ཀྱི་ཉེས་གསོག་དུས་བབ་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་ཏེ། ཁྲིམས་འགལ་ཉེས་གསོག་འགོག་ཟོན་ཆད་གཅོད་བྱེད་པའི་ཐབས་ཇུས་བསམ་འཆར་ལ་ཞིབ་འཇུག་བྱེད་དགོས་པ་བཅས་ཁ་གསལ་བཏོན་ཡོད།