《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

རྒྱ་ཚ་གྲོང་རྡལ་མངགས་གཏོང་ཁང་གིས།

“གྲལ་བཤེར་ཆེ་མོ་དང་། བརྟག་ཞིབ་ཆེ་མོ། འདུམ་འགྲིག་ཆེ་མོ”བཅས་ཀྱི་བྱེད་སྒོ་སྤེལ་བ།

འདི་ནི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་ཁ་བསླུས་ངོ་རྒོལ་གྱི་APPཕབ་ལེན་བྱས་ནས་ཁ་བསླུས་ངོ་རྒོལ་གྱི་རྒྱུན་ཤེས་གསལ་འགྲེལ་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷོ་ཁ་ནས་གློག་འཕྲིན་འབྱོར་གསལ། “ཧྥུང་ཆའོ་རྣམ་པའི”སྤྱི་བདེ་མངགས་གཏོང་ཁང་གི་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྤྱི་བདེའི་ལས་དོན་ལ་མི་དམངས་མང་ཚོགས་ཀྱིས་བསམ་ཤེས་བྱེད་ཤུགས་དང་མང་ཚོགས་ཀྱི་མོས་སེམས་ཆེ་རུ་གཏོང་བ། སྤྱི་བདེའི་རྨང་གཞིའི་ལས་དོན་བརྟན་དུ་གཏོང་བ། གནས་པའི་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་དུས་ཐོག་ཏུ་སེལ་བ་བཅས་བྱས་ནས་དུས་བདེའི་རྒྱ་ཚ་འཛུགས་སྐྱོང་གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་ཆེད། རྒྱ་ཚ་རྫོང་རྒྱ་ཚ་གྲོང་རྡལ་མངགས་གཏོང་ཁང་གིས་ན་ཤས་བསྟུད་མར་ཁོངས་གཏོགས་ཁུལ་དང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས“གྲལ་བཤེར་ཆེ་མོ་དང་། བརྟག་ཞིབ་ཆེ་མོ། འདུམ་འགྲིག་ཆེ་མོ”བཅས་ཀྱི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས་དུད་ཚང་དུ་བསྐྱོད་ནས་བཅར་འདྲི་དང་དྲིལ་བསྒྲགས་འགོག་ཟོན་སོགས་ཀྱི་ནང་དོན་དང་ཟུང་འབྲེལ་བྱས་ཏེ་གཞི་རིམ་དང་། ལས་ཡུལ། མང་ཚོཌ་ཁྲོད་བཅས་སུ་བསྐྱོད་ནས“གྲལ་བཤེར་ཆེ་མོ་དང་། བརྟག་ཞིབ་ཆེ་མོ། འདུམ་འགྲིག་ཆེ་མོ”བཅས་ཀྱི་བྱེད་སྒོ་སྤེལ་བ་རེད། དུད་ཚང་དུ་བསྐྱོད་ནས་བཅར་འདྲི་བྱེད་རིང་མི་དམངས་ཉེན་རྟོག་པས་བདེ་འཇགས་འགོག་ཟོན་གྱི་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་དང་མི་དམངས་ཉེན་རྟོག་པ་དང་མང་ཚོཌ་ཀྱི་འབྲེལ་གཏུག་གཱ་སྤྲོད་པ་སོགས་བརྒྱུད། མེ་སྐྱོན་སྔོན་འགོག་དང་། རྐུན་འགོག གློག་འཕྲིན་གྱི་ཁ་བསླུས་སྔོན་འགོག་སོགས་ཀྱི་རྒྱུན་གཏན་གྱི་བདེ་འཇགས་རྒྱུན་ཤེས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། མང་ཚོཌ་ཀྱི་བསམ་འཆར་དང་། གྲོས་འགོ དེ་བཞིན་སྤྱི་བདེའི་ལས་དོན་ལ་མང་ཚོགས་ཀྱིས་རེ་སྒུག་གསར་པ་བྱེད་ལུགས་དང་བླང་བྱ་གསར་པ་འདོན་རིགས་རྒྱ་ཁྱབ་ཉན་ཏེ། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་པ་མ་ཟད་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ཐད“མི་རེར་ཐབས་ཇུས་རེ་དང་གནད་དོན་རེར་ཡིག་ཚགས་རེ”གཞིར་བཟུང་རེ་རེ་བཞིན་ཐོ་འགོད་བྱས་ཡོད།

མིག་སྔའི་བར་མངགས་གཏོང་ཁང་དེས་མང་ཚོགས་400ལྷག་ཙམ་དང་མི་1600ལྷག་ཙམ་ལ་བཅར་འདྲི་བྱས་པ་དང་། མང་ཚོགས་ཀྱི་རེ་ཞུ་ཁག་36ཤེས་རྟོཌ་དང་ཁོང་དུ་ཆུད་པ། ངལ་རྩོལ་གླ་ཕོགས་ཀྱི་རྩོད་གཞི་1གྲལ་བཤེར་དང་སེལ་ཡོད་པ་རེད།