《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

པར་རིས་གསར་འགྱུར།

ཉིན་ཤས་གོང་། བོད་ལྗོངས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་བཞོན་འཕྲེང་མཐའ་མཚམས་མངགས་གཏོང་ཁང་དུ། བཞོན་འཕྲེང་ཤང་ཁུལ་འཕྲེང་གྲོང་ཚོར་འགྲིམ་འགྲུལ་ལས་འཛོལ་ཞིག་ཐོན་ནས་ཁ་ལོ་བ་ཉེན་ཁའི་གནས་སུ་གྱར་བའི་མང་ཚོགས་ཀྱི་ཁ་པར་ཞིག་འབྱོར།

ཉེན་བརྡའི་ཁ་པར་འབྱོར་རྗེས་མངགས་གཏོང་ཁང་དེའི་འགན་འཁུར་བ་བྱམས་པ་རྒྱལ་མཚན་གྱིས་འཕྲལ་མར་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་རླངས་འཁོར་བཏང་སྟེ་རོགས་སྐྱོབ་བྱེད་པར་བསྐྱོད། ལས་འཛོལ་ཐོན་ས་ནས་མི་དམངས་ཉེན་རྟོག་པས་ཟོག་འདྲེན་རླངས་འཁོར་གངས་འཁྱགས་ལམ་དུ་འདྲེད་བརྡར་ཤོར་ཏེ་ལམ་ཟུར་དུ་ལུས་པ་ཤེས། དེ་རྗེས་མི་དམངས་ཉེན་རྟོག་པས་འཕྲལ་མར་རོགས་སྐྱོབ་བྱས་ནས་ཁ་ལོ་བ་དེ་རླངས་འཁོར་ནས་བསྐྱབས་པ་མ་ཟད། ཉེ་འགྲམ་མང་ཚོགས་དང་མཉམ་དུ་ཁ་ལོ་བ་དེའི་ཅ་དངོས་བསྡུ་གསོག་རྒྱག་རོགས་བྱས་པ་རེད།

འདི་ནི་མི་དམངས་ཉེན་རྟོག་པས་རོགས་སྐྱོབ་བྱེད་བཞིན་པ།