《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་གངས་འབབ་སྐབས་བདེ་འཇགས་ངང་ཕྱིར་སྐྱོད་དགོས་པའི་དྲན་སྐུལ་བྱས་པ།

ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་མཐའ་འཁོར་གྱི་རྫོང་དང་ཆུས་འགའ་ཞིག་ཏུ་གངས་བབས་ནས་ལམ་ངོས་ལ་འཁྱགས་པ་ཆགས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་ཡོད་པ་རེད། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་བཀག་སྡོམ་དང་འཁྱགས་པ་བཤངས་ཏེ་རྒྱ་ཆེའི་ཁ་ལོ་བ་ཚོ་བདེ་འཇགས་ངང་ཕྱིར་སྐྱོད་ཐུབ་པའི་འགན་ལེན་བྱས་པ་དང་ཆབས་ཅིག གངས་འབབ་སྐབས་ཁ་ལོ་བ་ཚོས་བདེ་འཇགས་ངང་ཕྱིར་སྐྱོད་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།

གངས་འབབ་སྐབས་ལམ་དེ་ཙམ་གསལ་པོ་མེད་པས་རླངས་འཁོར་གཏོང་སྐབས་དལ་པོའི་ངང་སྐྱོད་དགོས། གཞན་ཡང་གངས་འབབ་སྐབས་ཁ་ལོ་བས་སྔོན་ཚུད་ནས་འདྲེད་འགོག་གི་གྲ་སྒྲིག་ཡག་པོ་བྱས་ཏེ་སྦྱག་མ་དང་འདྲེད་འགོག་ལྕགས་ཐག་སོགས་འཁྱེར་དགོས།

འདི་ནི་མི་དམངས་ཉེན་རྟོག་པས་ལམ་ངོས་ཀྱི་གངས་གཤོང་བཞིན་པ།