《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

ཀྲུང་གོ་གུང་ཁྲན་ཏང་སྐོར་གྱི་རྨང་གཞིའི་ཤེས་བྱ། (1)

ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར། ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་ནི་དར་ཆའི་ངོས་སུ་ཏང་རྟགས་ཀྱི་རི་མོ་གསེར་མདོག་ཅན་དྲུབས་པའི་དར་དམར་ཡིན།

ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས། ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་ནི་ཟོར་བ་དང་ཐོ་བ་ལས་གྲུབ་པའི་རི་མོ་ཡིན།

【ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོ】

ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཡིན་ལ། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་ཡང་ཡིན་པ་དེས། ཀྲུང་གོའི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་གོང་སྤེལ་གྱི་བླང་བྱ་མཚོན་པ་དང་། ཀྲུང་གོའི་སྔོན་ཐོན་རིག་གནས་གོང་སྤེལ་གྱི་ཁ་ཕྱོགས་མཚོན་པ། ཀྲུང་གོའི་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་བཅས་རེད།

【ཏང་ཞུགས་དམ་བཅའི་ཚིག】

ངས་རང་མོས་ཐོག་ཀྲུང་གོའི་གུང་ཁྲན་ཏང་ནང་དུ་ཞུགས་ཏེ་ཏང་གི་རྩ་འཛིན་ལ་བརྩི་བཀུར་དང་། ཏང་གི་སྒྲིག་ཡིག་བརྩི་སྲུང་། ཏང་ཡོན་གྱི་འོས་འགན་ལེགས་འགྲུབ། ཏང་གི་ཆོད་དོན་ལག་བསྟར། ཏང་གི་སྒྲིག་ཁྲིམས་ནན་སྲུང་། ཏང་གི་གསང་དོན་དམ་སྲུང་། ཏང་ལ་བློ་དཀར་ཟོལ་མེད། ལས་སྒྲུབ་ཧུར་ཐག་བཅས་བྱས་ནས་གུང་ཁྲན་རིང་ལུགས་ཀྱི་དོན་དུ་ཚེ་གང་འབད་འཐབ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་དོན་དུ་རང་ཉིད་ཀྱི་ཡོད་དགུ་བློས་གཏོང་རྒྱུའི་གྲ་སྒྲིག་བྱེད་ཅིང་། དུས་ནམ་ཡང་ཏང་ལ་རྒྱབ་གཏོད་མི་བྱེད།

【ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་དང་ཏང་དར】

ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་དང་ཏང་དར་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྟགས་མཚན་དང་མཚོན་རྟགས་ཡིན། ཏང་གི་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་ཚང་མས་ཏང་རྟགས་དང་ཏང་དར་གྱི་བརྗིད་ཉམས་སྲུང་སྐྱོང་བྱེད་དགོས། གཏན་འབེབས་ལྟར་ཏང་རྟགས་དང་ཏང་དར་བཟོ་བ་དང་བེད་སྤྱོད་བྱེད་དགོས།