《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

སྐྱིད་གྲོང་རྫོང་གིས།

“ལང་ཚོ་དང་ཁྲིམས་ལུགས་མཉམ་དུ་གནས་པའི”གཞོན་ནུ་ལོ་ཆུང་གི་ལད་མོའི་ཁྲིམས་རའི་བྱེད་སྒོ་སྤེལ་བ།

འདི་ནི་བྱེད་སྒོར་ཞུགས་མཁན་སྐྱིད་གྲོང་རྫོང་གི་ལས་དོན་མི་སྣ་དང་དགེ་སློབ་མཉམ་པར་རྒྱག་བཞིན་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ན་སོ་དར་ལ་མ་བབས་པའི་མི་ལ་སྲུང་སྐྱོང་དང་། ན་སོ་དར་ལ་མ་བབས་པའི་མིས་ཉེས་གསོག་སྔོན་འགོག ན་སོ་དར་ལ་མ་བབས་པའི་ཚོགས་སྤྱིར་ཁྲིམས་ལུགས་ཁྱབ་གདལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་འདུ་ཤེས་དང་རང་ཉིད་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ། གཞོན་ནུ་ལོ་ཆུང་ཚོར་ཆུང་དུས་ནས་སྒྲིག་བཀུར་ཁྲིམས་སྲུང་གི་གོམས་གཤིས་བཟང་པོ་འཇགས་རྒྱུའི་ཁྲིད་སྟོན་བཅས་བྱ་ཆེད། ཉེ་ཆར། གུང་གཞོན་སྡེ་ཚོགས་སྐྱིད་གྲོང་རྫོང་ཨུ་ཡོན་ལྷན་ཁང་དང་། སྐྱིད་གྲོང་རྫོང་མི་དམངས་ཁྲིམས་ཁང་། སྐྱིད་གྲོང་རྫོང་སློབ་འབྲིང་བཅས་ཀྱིས་མཉམ་དུ“ལང་ཚོ་དང་བཅའ་ཁྲིམས་མཉམ་དུ་གནས་པའི”གཞོན་ནུ་ལོ་ཆུང་གི་ལད་མོའི་ཁྲིམས་རའི་བྱེད་སྒོ་སྤེལ་ནས་སློབ་འབྲིང་གི་དགེ་སློབ་ཚོར་གསོན་ཉམས་དོད་ལ་ཐུན་མོང་མ་ཡིན་པའི་ཁྲིམས་སྐྱོང་སློབ་གསོའི་སློབ་ཚན་ཞིག་འཚོགས་པ་རེད།

ད་ཐེངས་ཀྱི་ལད་མོའི་ཁྲིམས་རས་རྐུ་རྒྱག་གི་གྱོད་གཞི་ཞིག་ལ་འདྲི་གཅོད་བྱས་ཤིང་། དེ་ཡང་སྐྱིད་གྲོང་རྫོང་ཁོངས་གཏོགས་ཁུལ་དུ་ཐོན་པའི་རྐུ་རྒྱག་ཉེས་གསོག་གི་གྱོད་གཞི་ཞིག་རེད། རྫོང་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་པ་དང་སློབ་གྲྭའི་དགེ་རྒན་གྱི་མཛུབ་སྟོན་འོག སློབ་མ་ཚོས“འདྲི་གཅོད་པ་ཆེ་མོ”དང་། “འདྲི་གཅོད་པ”“གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་བྱེད་མཁན” “དག་འབུད་པ” “ཞུ་སྦྱོར་ཕྱི་མ་བ”སོགས་འཁྲབ་འགན་འཁུར་བ་རེད།

བྱེད་སྒོར་ཞུགས་མཁན་སློབ་མ་ཚོས་མི་སྣ་འཁྲབ་སྟོན་བྱས་པ་བརྒྱུད། ཁྲིམས་རའི་འདྲི་གཅོད་ཀྱི་གཟི་བརྗིད་དང་སྒམ་བརླིང་མྱོང་ཚོར་ཟབ་མོ་ཐུབ་ཡོད། དེར་བརྟེན་སླད་ཕྱིན་ཡིན་མིན་དང་བཟང་ངན་གསལ་འབྱེད་ཐུབ་པ་དང་། སྒྲིག་བཀུར་ཁྲིམས་སྲུང་། རང་འགུལ་ངང་ཚུལ་མིན་བསླུ་བྲིད་བཀག་འགོག དེ་བཞིན་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ནང་ཞུགས་ཀྱི་མིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

“ལད་མོའི་ཁྲིམས་རའི”བྱེད་སྒོ་མཇུག་འགྲིལ་རྗེས། སྐྱིད་གྲོང་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་ཉེ་བའི་ལོ་ཤས་རིང་ཐོན་པའི་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་གི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སློབ་མ་ཚོར་ལོ་12ནས་17བར་གྱི་གཞོན་ནུ་ལོ་ཆུང་གི་ཉེས་གསོག་གྱོད་དཔེ་དང་དེ་བཞིན་སློབ་གྲྭའི་བརྙས་བཅོས་གྱོད་གཞི་སོགས་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་སྒྲོག་འགྲེལ་བྱས་པ་དང་། གུང་གཞོན་སྡེ་ཚོགས་སྐྱིད་གྲོང་རྫོང་ཨུད་ཀྱིས་སློབ་མ་ཚོར་ཞྭ་མོ་དང་། ལག་ཤུབས། ཟིན་བྲིས་སོགས་སློབ་སྦྱོང་མཁོ་ཆས་དང་འཚོ་བའི་མཁོ་ཆས་སྤྲད་པ་རེད།

(བསོད་བདེ་གཞོན་པས་བསྒྱུར། དབང་སྒྲོལ་སྐྱིད་ཀྱིས་ཞུས)