《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

ཕུན་སུམ་ཚོགས་པའི་རིག་གནས་སློབ་གྲྭར་ཁྱབ་གདལ་བཏང་བ།

མང་ཚོགས་ཚོས་ཁྱིམ་གྱི་སྒོ་རྩ་ནས་ཕུན་སུམ་ཚོགས་པའི་རིག་གནས་མྱོང་རོལ་ཐུབ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས“ཆ་སྒྲིག་རོགས་སྐྱོར་དང་རིག་གནས་ཁྱབ་གདལ”དང་། “གཤམ་སྤེལ་ལྔ” “རིག་གནས་སྡེ་ཁུལ་དུ་སྤེལ་བ” “རིག་གནས་དམངས་ཕན་འཁྲབ་སྟོན”སོགས་སྤྱི་པའི་རིག་གནས་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་མུ་མཐུད་སྤེལ་ཏེ། མང་ཚོགས་དང་འབྲེལ་འདྲིས་དང་། ཁྱབ་གདལ་གཏོང་ཐུབ་པ། སེམས་ལ་འཇགས་ཐུབ་པ་བཅས་ཀྱི་ཕུལ་བྱུང་རིག་རྩལ་ལེ་ཚན་མང་ཚོགས་ཁྲོད་དུ་འཁྲབ་སྟོན་བྱས་པ་རེད།

གོང་གི་པར་ནི་ཆབ་མདོ་གྲོང་ཁྱེར་གྱི་སྒྱུ་རྩལ་ཚོགས་པས་སློབ་གྲྭར་འཁྲབ་སྟོན་བྱེད་བཞིན་པ།

འོག་གི་པར་ནི་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་དགེ་སློབ་ཚོས་ཆབ་མདོ་དམག་ཁུལ་ཡན་ལག་ཁང་དུ་དམག་དོན་ལོ་རྒྱུས་བར་ཁྱམས་སུ་ལྟ་སྐོར་བྱེད་པ།