《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

པར་རིས་གསར་འགྱུར།

ཉེ་ཆར། མལ་གྲོ་གུང་དཀར་རྫོང་གཟི་ཕུག་གྲོང་ཚོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འོ་མ་སོས་པ་བསྡུ་ཉོ་ས་ཚིགས་ཀྱི་མ་དངུལ་སྤྲོད་པའི་མཛད་སྒོ་གཉེར་བ་རེད། གཟི་ཕུག་གྲོང་ཚོའི་འོ་མ་སོས་པ་བསྡུ་ཉོ་ས་ཚིགས་ཀྱིས་འདི་ལོའི་ལོ་འགོར་བོད་ལྗོངས་ས་མཐོའི་མཆོག་ནོར་དཀར་ཆུའི་ལས་རིགས་མ་རྐང་ཚད་ཡོད་ཀུང་སི་དང་འོ་མ་སོས་པ་བསྡུ་ཉོའི་གྲོས་མཐུན་བཞག་པ་དང་། མིག་སྔའི་བར། ས་ཚིགས་དེས་འོ་མ་སོས་པ་རྒྱ་མ་ཁྲི་36ལྷག་ཙམ་ཉོས་པར་མང་ཚོགས་ལ་ཐད་ཀར་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་བྱུང་བ་དང་། མི་རེར་ཆ་སྙོམས་ཡོང་འབབ་སྒོར་2200ལྷག་ཙམ་བྱུང་བ་མ་ཟད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྒོར་ཁྲི་30ལྷག་ཙམ་མང་དུ་སོང་ཞིང་། འདི་ནི་ལས་དོན་མི་སྣས་མང་ཚོགས་ལ་དངུལ་བགོ་འགྲེམས་རྒྱག་བཞིན་པ།