《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

ཀྲུང་གོས་སྐྲུན་རོགས་བྱས་པའི་ཨ་ཧྥེ་རི་ཁའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་སྤྱི་ཁྱབ་པུའི་དུས་ཐེངས་དང་པོའི་རྣམ་གྲངས་ཀྱི་ཐོག་ཁང་གཙོ་བོའི་ཐོག་བཀབ་པ།

ཀྲུང་གོས་སྐྲུན་རོགས་བྱས་པའི་ཨ་ཧྥེ་རི་ཁའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་སྤྱི་ཁྱབ་པུའུ་ཡི་དུས་ཐེངས་དང་པོའི་རྣམ་གྲངས་ཀྱི་ཐོག་ཁང་གཙོ་བོའི་ཐོག་འགེབས་པའི་མཛད་སྒོ་ཉེ་ཆར་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པའི་ལྷོ་འདབས་སུ་ཡོད་པའི་རྣམ་གྲངས་ལག་ལེན་བསྟར་ཡུལ་དུ་འཚོགས་པ་རེད། ཨ་ཧྥེ་རི་ཁ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉ་ཚོགས་པའི་ཚོགས་གཙོ་ལིའུ་ཡུས་ཤིས་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ལྷན་གྱི་སྤྱི་ཚོགས་ལས་དོན་ཨུ་ཡོན་ཨ་སྨི་ལཱ་སོགས་ཐོག་འགེབས་པའི་མཛད་སྒོར་ཞུགས་པ་རེད།

འདི་ནི་ཉེ་ཆར་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པའི་ལྷོ་འདབས་ནས་པར་བླངས་པའི་ཨ་ཧྥེ་རི་ཁའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་སྤྱི་ཁྱབ་པུའུ་ཡི་དུས་ཐེངས་དང་པོའི་རྣམ་གྲངས་ཀྱི་ལས་ཡུལ་ཡིན་པ།