《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

ཕ་རི་སིའི་LA LISTEརྒྱལ་སྤྱིའི་ཟས་མཆོག་ རིམ་པ་ཡོངས་བསྒྲགས་བྱས་པ།

ཉེ་ཆར། ཕ་རི་སིའི LA LISTEརྒྱལ་སྤྱིའི་ཟས་མཆོག་གི་2022ལོའི་རིམ་པ་ཕ་རི་སིར་གནས་པའི་ཧྥ་རན་སེའི་ཕྱི་འབྲེལ་པུའུ་རུ་ཡོངས་བསྒྲགས་ཀྱི་མཛད་སྒོ་འཚོགས་པ་རེད། LA LISTEརྒྱལ་སྤྱིའི་ཟས་མཆོག་གི་རིམ་པ་2015ལོར་ཧྥ་རན་སེ་བས་ཐོག་མར་བཟོས་པ་དང་། ད་ཆ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་200ཡི་ཟ་ཁང་ཁྲི་2ལྷག་ཙམ་དེར་ཞུགས་ཡོད་པ་དང་ཆེད་ལས་ཟས་མཆོག་ཕྱོགས་སྟོན་དང་དམངས་ཚོགས་ཀྱི་གདེང་འཇོག་800ལྷག་ཙམ་དཔྱད་དཔོག་བྱས་ཏེ། རིམ་པ་མདུན་གྲས་སུ་སླེབས་པའི་ཟ་ཁང་1000ལོ་འཁོར་རྗེས་མའི་གོ་ལ་ཧྲིལ་པོའི་ཟས་མཆོག་གི་རིམ་པར་ཚུད་རྒྱུ་རེད། འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་སྐུ་མགྲོན་གྱིས་ཕ་རི་སིའི་ཀྲུང་ལུཌ་ཟ་ཁང“བདེ་སྐྱིད་ཐོག་ཁང”གི་ཟས་སྒྲོམ་གྱི་མདུན་དུ་ཟས་མཆོག་ལ་རོལ་བཞིན་པ།