《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

ཕྱི་འབྲེལ་པུས་བསྟན་དོན།

ཀྲུང་ཨུའི་ཆུ་ཚད་མཐོ་བའི་འཐབ་ཇུས་རོགས་ལས་ལ་ཕྱིའི་ཤུགས་རྐྱེན་ཐེབས་མི་སྲིད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཉེ་ཆར་ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཉིན་ཤས་གོང་ཨུ་ཀྲུང་འབྲེལ་བའི་ཐད་རྣམ་འགྱུར་གསལ་པོ་བསྟན་པར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་ཨུའི་ཆུ་ཚད་མཐོ་བའི་འཐབ་ཇུས་རོགས་ལས་ནི་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་ལེན་ནུས་ལྡན་ཞིག་ཡིན་པས། ཕྱིའི་ཤུགས་རྐྱེན་ལས་འགྱུར་བ་འགྲོ་མི་སྲིད་ཅེས་བརྗོད་པ་རེད།

ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས། ཟླ་11ཚེས་30ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས“ཨུ་རུ་སུས་འབོད་སྐུལ་བྱེད་པ”ཞེས་པའི་རྒྱལ་སྤྱིའི་མ་འཇོག་གླེང་སྟེགས་ཐོག ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྟག་ཏུ“ཀྲུང་གོའི་ཉེན་ཁ”ཞེས་པར་བརྟེན་ནས་ཨུ་རུ་སུར་འཇིགས་སྣང་བསྐུལ་ཡང་ཨུ་རུ་སུ་གཡོ་འོག་ཏུ་ཚུད་མི་སྲིད། ཨུ་རུ་སུས་ཡོ་རོབ་ཀྱི་རྒྱལ་ཁབ་ཁ་ཤས་ལྟར་ཨ་རིའི“འབོད་སྐུལ”བཞིན་ཀྲུང་གོ་དང་མཉམ་ལས་བྱེད་ཉུང་དུ་གཏོང་མི་སྲིད་ཅེས་བརྗོད་པར་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།

ཝང་ཝུན་པིན་གྱིས“ཀྲུང་གོ་ཕྱོགས་ཀྱིས་ཙུང་ཐུང་ཕུའུ་ཅིང་གི་རྣམ་འགྱུར་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།

ཝང་ཝུན་པིན་གྱིས། ཀྲུང་ཨུའི་འབྲེལ་བར་དཀྲུག་ཤིང་རྒྱག་པའི་བྱེད་སྤྱོད་གང་ཞིག་ཡིན་རུང་ཚང་མ་ངལ་བ་སྟོང་ཟད་ཡིན། དོན་དངོས་ཐོག “ཀྲུང་གོའི་ཉེན་ཁ་གླེང་བ”དང་ཡང་ན“ཨུ་རུ་སུའི་ཉེན་ཁ་གླེང་བ”གང་ཞིག་ཡིན་རུང་ཚང་མ་ཨ་རིས་རང་ངོས་ཀྱི་བཙན་དབང་གནས་བབ་སྲུང་སྐྱོང་དང་འཛམ་གླིང་སྣེ་མང་ཅན་གྱི་འཕེལ་ཕྱོགས་ལ་འགྲན་རྒོལ་བྱ་ཆེད་རྫུན་བཟོ་བྱས་པའི་ཁ་གཡར་ས་ཙམ་རེད་ཅེས་བརྗོད་པ་རེད།

“ཀྲུང་ཨུའི་ཆུ་ཚད་མཐོ་བའི་འཐབ་ཇུས་རོགས་ལས་ནི་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་ལེན་ནུས་ལྡན་ཞིག་ཡིན་པས། ཕྱིའི་ཤུགས་རྐྱེན་ལས་འགྱུར་བ་འགྲོ་མི་སྲིད” དངོས་འབྲེལ་འགྱུར་ལྡོག་གཏོང་དགོས་པ་ནི་ཨ་རི་རེད། ཨ་རིས་གལ་སྲིད་འཇམ་འཐབ་ཀྱི་བསམ་གཞིག་དང་བཙན་དབང་གི་བསམ་པ་མ་དོར་ཚེ། གང་ཞིག་མཐོང་ནའང“ཉེན་ཁ་རེད”ཅེས་ཝང་ཝུན་པིན་གྱིས་བརྗོད་པ་རེད།