《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

གཞིས་རྩེ་གྲོང་ཁྱེར་གྱིས།

ཐབས་མང་མཉམ་སྤྱོད་ཀྱིས་གློག་སྐས་བདེ་འཇགས་ལ་ལྟ་འདོམས་བྱས་པ།

འདི་ནི་གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ལས་དོན་མི་སྣས་གློག་སྐས་ཀྱི་བདེ་འཇགས་ལ་ཞིབ་བཤེར་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“བདེ་འཇགས་འགན་ལེན”གྱི་དམར་ཐིག་ལ་དམ་པོར་དམིགས་པ་དང་། གྲོང་མིའི་ཕྱིར་སྐྱོད་བདེ་འཇགས་འགན་ལེན། གཙོ་གནད་ཁུལ་གྱི་སྒྲིག་བཀོད་བདེ་འཇགས་འགན་ལེན། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རྦད་དེ་མེད་པ་བཟོ་བའི“འགན་ལེན་གསུམ”གྱི་བསམ་ཕྱོགས་ལ་དམིགས་ཏེ། སྔ་རྗེས་སུ“གློག་སྐས་ཀྱི་བདེ་འཇགས་འགན་འཁྲིའི་འགན་བཅོལ”ཡོངས་ཁྱབ་དང“གཙོ་གནད་ཁུལ་དང་གློག་སྐས་རྙིང་པའི་བདེ་འཇགས་ཉེན་ཁའི་དཔྱད་དཔོག”གི་ལས་དོན་སྤེལ་ནས། གཞིས་རྩེའི་དམིགས་བསལ་སྒྲིག་ཆས་བདེ་འཇགས་བཀོལ་སྤྱོད་ཐད་ལོ་10བསྟུད་མར“ལས་འཛོལ་མེད་པའི”གྲུབ་འབྲས་ཐོབ་ཡོད་པ་རེད།

འབྲེལ་ཡོད་གྲངས་གཞི་ལས་མངོན་པར། 2021ལོའི་ཟླ་8ཚེས་31ཉིན་བར། གཞིས་རྩེ་གྲོང་ཁྱེར་གྱིས་ལོ་སྟོད་དུ་ཞིབ་བཤེར་བྱེད་རན་པའི་གློག་སྐས་380ཚང་མ་དུས་བཀག་ལྟར་ཞིབ་བཤེར་ལེགས་སྒྲུབ་བྱས་པ་དང《གློག་སྐས་ཀྱི་བདེ་འཇགས་འགན་འཁྲིའི་འགན་བཅོལ》ཉོ་སྒྲུབ་བྱེད་ཚད་100%ཟིན་ནས་སྤྱོད་མཁན་ཚན་པར་སྒོར་ཁྲི་4ཙམ་གྲོན་ཆུང་ཐུབ་པ་དང་། ཟླ་8ཚེས་15ཉིན་བར། ཁག་དང་པོའི་གློག་སྐས་རྙིང་པ་50དང་གཙོ་གནད་ཁུལ་གྱི་གློག་སྐས་ཀྱི་བདེ་འཇགས་དཔྱད་དཔོག་ལས་དོན་མཇུག་འགྲིལ་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་49ཤེས་རྟོགས་བྱུང་བ་ཚང་མ་དག་ཐེར་ཟིན་པ་དང་ཁག་གཉིས་པའི་བདེ་འཇགས་དཔྱད་དཔོག་ལས་དོན་སྤེལ་གྲབས་ཡོད་པ་རེད།