《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

ལྷ་ས་འགག་སྒོས།

བྱ་ཐབས་སྣ་མང་སྤྱད་དེ་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རྒྱུན་མཐུད་འཕར་རྒྱུར་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གསར་འགོད་པས་ལྷ་ས་འགག་སྒོ་ནས་ཤེས་རྟོགས་བྱས་པར། བསྡོམས་རྩིས་ལ་གཞིཌ་ན། ཟླ་1ནས་ཟླ་10བར་རང་ལྗོངས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་25ལ་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་ཡོད་པ་དང་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་རིན་ཐང་སྒོར་དུང་ཕྱུར་14.74ཟིན་ནས་57.3%འཕར་ཡོད་པ་དང་། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་14.11ཟིན་ནས་70.7%འཕར་བ་དང་ནང་འདྲེན་སྒོར་དུང་ཕྱུར་0.63ཟིན་ནས་43.2%ཆག་ཡོད་པ་རེད།

ཚོང་དོན་རྒྱལ་ཁབ་གཙོ་བོའི(ཨང་ལྔ་པ་ཡན)ངོས་ནས་བལྟས་ན། ནེ་པ་ལ་དང་ཉོ་ཚོང་སྒོར་དུང་ཕྱུར་13.58དང་འཕར་ཚད་102% བསྡུར་ཚད92.2%བཅས་ཟིན་ཡོད། ཨུ་རུ་སུ་དང་ཉོ་ཚོང་སྒོར་དུང་ཕྱུར་0.31དང་། ཧིན་རྡུ་ཉི་ཞི་ཡ་དང་ཉོ་ཚོང་སྒོར་དུང་ཕྱུར་0.17 ཐ་ཇིག་སི་ཐན་དང་ཉོ་ཚོང་སྒོར་དུང་ཕྱུར་0.17 རྒྱ་གར་དང་ཉོ་ཚོང་སྒོར་དུང་ཕྱུར་0.11བཅས་ཟིན་ཡོད།

ཕྱིར་གཏོང་ཚོང་ཟོག་གཙོ་བོ(ཨང་གསུམ་པ་ཡན)ནས་བལྟས་ན། གྱོན་ཆས་ལ་སྒོར་དུང་ཕྱུར་6.15ཟིན་ནས་ལྡབ་1.02འཕར་བ་དང་། འཕྲུལ་གློག་ཐོན་རྫས་ལ་སྒོར་དུང་ཕྱུར་2.32ཟིན་ནས་0.2%འཕར་བ། འཁེལ་འཐག་བཟོས་རྫས་ལ་སྒོར་དུང་ཕྱུར་1.95ཟིན་ནས་50.5%བཅས་འཕར་ཡོད། ནང་འདྲེན་ཚོང་ཟོག་གཙོ་བོ(ཨང་གསུམ་པ་ཡན)ནས་བལྟས་ན། ཞིང་ལས་ཐོན་རྫས་ལ་སྒོར་དུང་ཕྱུར་0.33ཟིན་པ་དང་། ལྕགས་རིགས་གཏེར་བྱེ་ལ་སྒོར་དུང་ཕྱུར་0.14ཟིན་པ། འཁེལ་འཐག་བཟོས་རྫས་ལ་སྒོར་དུང་ཕྱུར་0.03བཅས་ཟིན་ཡོད།

ལྷ་ས་འགག་སྒོའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འགག་སྒོ་དེས་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རྒྱུན་མཐུད་འཕར་རྒྱུ་དང་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཆུ་ཚད་མཐོ་བའི་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད། “ཁེ་ལས་ཀྱི་རེ་ཞུར་དུས་ཐོག་ཏུ་ཚུར་ལན་དང་། གཙོ་གནད་ཁེ་ལས་ལ་ཆེད་བསྐོས་མི་སྣས་འབྲེལ་མཐུད། སྲིད་ཇུས་གསར་པ་གནད་སྨིན་གསལ་འགྲེལ། ཐུན་མོང་རང་བཞིན་གྱི་དཔེ་མཚོན་མཉམ་འབྲེལ་མཉམ་སྤྱོད”བཅས་ཀྱི་བྱ་ཐབས་བརྒྱུད། ཕྱི་ཕྱོགས་ཚོང་དོན་ཁེ་ལས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་”ལག་ལེན་བྱེད་སྒོ་རྒྱུན་མཐུད་ངང་གཏིང་ཟབ་སྤེལ་བ། “དམངས་ཕན་དང་ཁེ་ལས་ལ་ཕན་པའི་འདུ་འགོད”ལག་བསྟར་གཏིང་ཟབ་བྱསཏེ། བོད་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བར་གཡས་གཞོགས་གཡོན་འདེགས་དང་། བོད་ཀྱི་གཙོ་གནད་ཁེ་ལས་དང་ཁྱད་ལྡན་ཐོན་ལས་ཀྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བ། བོད་འདི་ཉིད“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་དེ་བས་ལེགས་པའི་སྒོ་ནས་ཚུད་པར་འགག་སྒོའི་སྟོབས་ཤུགས་གང་ལེགས་བཏོན་ཡོད།