《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

ཧྲང་ཧའེ་ཡིས།

ཤེས་བྱའི་བདག་དབང་ཡོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།

འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཧྲང་ཧའེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཁྲིམས་ཁང་དེས《ཤེས་བྱའི་བདག་དབང་ཡོད་མཁན་གྱིས་ངོ་བོའི་རང་བཞིན་གྱི་ཐོག་ནས་ཉེས་དོན་གཏུག་བཤེར་ལ་ཞུགས་རྒྱུའི་སྐོར་གྱི་ཧྲང་ཧའེ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱི་སྒྲིག་སྲོལ》(གཤམ་དུ《སྒྲིག་སྲོལ》ཞེས་བསྡུ་རྒྱུ)དངོས་སུ་བཏོན་ནས། ཤེས་བྱའི་བདག་དབང་ཡོད་མཁན་གྱིས་ངོ་བོའི་རང་བཞིན་གྱི་ཐོག་ནས་གཏུག་བཤེར་ནང་ཞུགས་པའི་གྱོད་གཞིའི་རིགས་ཤེས་བྱའི་བདག་དབང་གི་ཉེས་གསོག་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཚང་མར་ཁྱབ་པ་དང་དུས་མཚུངས་དབང་ཆ་ཡོད་མཁན་གྱིས་མྱུལ་ཞིབ་དང་། འཛིན་བཟུང་། ཞུ་གཏུག འདྲི་གཅོད་སོགས་གཏུག་བཤེར་དུས་མཚམས་ཡོངས་ཀྱི་དབང་ཆའི་ནང་དོན་དང་འགན་ལེན་ཐབས་ལམ་ཁ་གསལ་བཟོ་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཧྲང་ཧའེ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་ལྷུ་ཚིགས་སུ་ལུགས་མཐུན་གྱི་སྐྱིན་ཚབ་འཇལ་རྒྱུ་འཚོལ་ཞིབ་བྱས་པ་དང་། བདག་དབང་ལ་བཙན་གནོད་གཏོང་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་ཆབས་ཅིག འདུམ་འགྲིག་གི་འདོད་མོས་ཡོད་པའི་དོ་བདག་ཕྱོགས་གཉིས་ལ་མཐུན་སྦྱོར་བྱེད་དུ་བཅུག་སྟེ། ཉེས་གསོག་དོགས་ཅན་གྱིས་དབང་ཆ་ཡོད་མཁན་ལ་ལུགས་མཐུན་གྱིས་སྐྱིན་ཚབ་འཇལ་བར་སྐུལ་འདེད་གཏོང་བ་དང་། དབང་ཆ་ཡོད་མཁན་གྱི་དཔལ་འབྱོར་གྱོང་གུན་དུས་ཐོག་ཏུ་ཁ་གསབ་ཐུབ་པ་བྱས་ཡོད། ལུགས་མཐུན་གྱི་སྐྱིན་ཚབ་སྤྲོད་པའི་གནས་ཚུལ་དེ་བྱས་ཉེས་ཚད་འབེབས་བསམ་འཆར་འདོན་པའི་གལ་ཆེའི་ཚད་གཞིར་གྱུར་ཡོད་པས། དེས་ན་ཁྲིམས་ལྟར་ཉེས་གསོག་དོགས་ཅན་ལ་གུ་ཡངས་ཀྱིས་ཐག་གཅོད་བྱས་ཏེ། སྤྱི་ཚོགས་འབྲེལ་བ་སླར་གསོ་ཡོང་བར་སྐུལ་འདེད་བཏང་ཡོད།