《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

པར་རིས་གསར་འགྱུར།

ཉེ་བའི་ལོ་ཤས་རིང་། བརྙན་ཐུང་ལས་སྟེགས་ཁག་གཅིག་ཏུ་ཚོང་ཟོག་ཐད་ཚོང་བྱེད་མཁན་ཇེ་མང་དུ་འགྲོ་བ་དང་། ཉིན་ལྟར་ཐད་གཏོང་དུས་ཡུན་ཆུ་ཚོད་ཁྲི་བརྒྱ་ཡན་ཟིན་ནས་འཛད་སྤྱོད་པ་མང་དག་ཅིག་གི་ཡིདདབང་བཀུག་གི་ཡོད།

འོན་ཀྱང་། “ཤིན་ཧྭ་ལྟ་ཞིབ”ཀྱི་གསར་འགོད་པས་བརྟག་དཔྱད་བྱས་པ་ལས། ཚོང་ཟོག་ཐད་ཚོང་ལ་སྐད་ཆ་ཤོད་རྩལ་མཁས་པ་དང“གཡོ་ཐབས”མང་ཞིང་། ཚོང་ཟོག་ཐད་གཏོང་ལ་ལྟ་མཁན་གྲངས་འབོར་དང་ཅ་དངོས་མངགས་ཐོ་བྱེད་ཚད་དབར“ལྷད་སྐྱོན”མང་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད། ལས་རིགས་ནང་ཁུལ་གྱི་མི་སྣས་གོམ་སྟབས་རྗེས་མར་ཚོང་ཟོག་ཐད་ཚོང་ལས་རིགས་ཀྱི་སྒྲིག་སྲོལ་སྔར་བས་ཚད་ལྡན་དུ་དང་ལས་རིགས་ཀྱི་རང་གཅུན་ནན་དུ་བཏང་སྟེ། འཛད་སྤྱོད་པས་ཚོང་ཟོག་ཐད་ཚོང་ལས་སྟེགས་ནས་བློ་བདེ་པོས་ཅ་དངོས་ཉོ་ཐུབ་པའི་གྲོས་འགོ་བཏོན་ཡོད་པ་རེད།