《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

ཉང་བྲན་ཁྲོམ་གཞུང་སྤྱི་སོ་གྲོང་ཚོས་འཁོར་རིགས་གང་བྱུང་དུ་འཇོག་རིགས་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཁོངས་གཏོགས་ཁུལ་གྱི་གྲོང་རྣམ་ཁོར་ཡུག་གི་སྒྲིག་ལམ་ཡག་པོ་འགན་སྲུང་བྱས་ནས་ཁོངས་གཏོགས་ཁུལ་གྱི་གྲོང་མི་ཕྱིར་སྐྱོད་བདེ་པོ་ཡོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་སྤྱི་སོ་གྲོང་ཚོས་ཁོངས་གཏོགས་ཁུལ་དུ་འཁོར་རིགས་གང་བྱུང་དུ་འཇོག་པར་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད།

གྲོང་ཚོ་ཨུ་ལྷན་གྱི་ལས་དོན་མི་སྣས་འཁོར་རིགས་གང་བྱུང་དུ་བཞག་ན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལྷག་སྲིད་པའི་དྲིལ་བསྒྲགས་ཧུར་ཐག་བྱས་ནས། འཁོར་རིགས་གང་བྱུང་འཇོག་མི་ཆོག་པའི་འཕྲེད་འགེལ་སྦྱར་ཡིག་སྦྱར་བ་མ་ཟད། ཁོངས་གཏོགས་ཁུལ་དུ་བཞག་པའི“བེད་མེད་འཁོར་རིགས”ཀྱི་སྣང་ཚུལ་ལ་དམིགས་ནས། གྲོང་ཚོ་ཨུ་ལྷན་གྱིས་ལན་སྤྲོད་ཤོག་བྱང་སྦྱོར་བ་དང་། ཁ་པར་ནས་བརྡ་ཐོ་གཏོང་བ། སྐད་ཆ་འདྲི་བར་སྐྱོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་འཁོར་བདག་དང་འབྲེལ་བ་བྱས་ཏེ། འཁོར་བདག་ལ“བེད་མེད་འཁོར་རིགས”ཀྱིས་འགྲོ་ལམ་བཟུང་བའི་གནོད་སྐྱོན་སྐོར་འགྲེལ་བཤད་རྒྱག་པ་དང་སྦྲགས། “བེད་མེད་འཁོར་རིགས”དུས་བཀག་ནང་དབོར་དགོས་པའི་བཀའ་བཏང་བ་རེད། འཁོར་བདག་འབྲེལ་བ་བྱེད་མ་ཐུབ་པའི“བེད་མེད་འཁོར་རིགས”དག་གྲོང་ཚོ་ཨུ་ལྷན་གྱིས་གོམ་སྟབས་རྗེས་མར་ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དང་གཞོགས་འདེགས་བྱས་ནས་གནས་སྐབས་འཁོར་རིགས་འཇོག་ཁུལ་དུ་གཅིག་སྡུད་དབོར་རྒྱུ་ཡིན་པ་རེད།

བཅོས་སྒྲིག་རབ་དང་རིམ་པ་བྱས་པ་བྱས་པ་བརྒྱུད། ཁོངས་གཏོགས་ཁུལ་དུ་འཁོར་རིགས་གང་བྱུང་དུ་འཇོག་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས་ཁོངས་གཏོགས་ཁུལ་གྱི་གྲོང་མི་མང་ཆེ་བས་གཏན་འཁེལ་ས་ཁོངས་སུ་འཁོར་རིགས་འཇོག་གི་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། སྤྱི་སོ་གྲོང་ཚོ་ཨུ་ལྷན་གྱིས་སྐོར་ཞིབ་ཚོགས་ཆུང་བཙུགས་ནས་ཉིན་ལྟར་དུས་བཀག་ལྟར་ཁོངས་གཏོགས་ཁུལ་དུ་སྐོར་བཤེར་བྱས་ཏེ། འཁོར་རིགས་གང་བྱུང་དུ་འཇོག་པ་ཤེས་འཕྲལ་དུས་ཐོག་ཏུ་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།