《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

ལག་ཁྱེར་མེད་པར་གཉེར་སྐྱོང་བྱེད་མཁན་ལྷ་སའི་ཚོང་དུད་10སྒོ་རྒྱག་ཏུ་བཅུག་པ།

འདི་ནི་ལས་དོན་མི་སྣས་ཚོང་དུད་ཞིག་ཏུ་ཞིབ་བཤེར་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འགན་ནུས་འདོན་སྤེལ་ཧུར་ཐག་བྱས་ནས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཁྲོམ་རའི་ལྟ་འདོམས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ་དང་འབྲེལ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏང་གི་ལས་དོན་ཨུ་ལྷན་དང་། དོ་དམ་ཨུ་ལྷན། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་བཅས་ཀྱི་བླང་བྱ་དང་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་ཏེ། བྱེད་ཐབས་སྣ་མང་སྤྱད་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཁྲོམ་ར་ལྟ་འདོམས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྐོར་ཞིབ་ཚོགས་ཆུང་གསུམ་བཙུགས་ནས་འགན་འཁྲིའི་དྲ་མིག་དབྱེ་སྟེ“5+2”དང་དྲ་ཐོག་དང་དྲ་ཕྱི་མཉམ་འགུལ་ལམ་སྲོལ་སྤྱད་དེ་གླིང་ཁུལ་གྱི་ཁྲོམ་རའི་བྱེད་པོར“ལེབ་བཤེར་རྣམ་པའི”གྲལ་བཤེར་བྱས་ཏེ་ལས་དོན་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་པ་རེད།

རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀར་ཤུགས་སྣོན་བརྒྱབ་ཅིང་། གྲང་ཕྲེང་དང་འཁྱག་གཏོང་བཟའ་བཅའི་ལྟ་འདོམས་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ནས“ཞིབ་བཤེར་བྱེད་དགོས་རིགས་ཚང་མར་ཞིབ་བཤེར་བྱེད་པ”དང་། སྐྱེལ་འདྲེན་དང་མཛོད་འཇུག་ཐོ་འགོད་གནས་ཚུལ་དང་ཞིབ་དཔྱད་སྙན་ཞུ་སོགས་ལྷུ་ཚིགས་ལ་དམིགས་ཏེ། གྲང་ཕྲེང་དང་བཟའ་བཅའི་ལྟ་སྐུལ་ཚོད་འཛིན་དང་ནང་འདྲེན་གྱི་གྲང་ཕྲེང་བཟའ་བཅའ་ཡོད་མེད་གཙོ་གནད་ཐོག་ཞིབ་བཤེར་བྱེད་པ། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ནས་སྒོ་རྩིས་ཚོང་ཁང་དང་། ཁྲོམ་ར། ཟ་ཁང་། སྨན་ཚོང་ཁང་། གསོལ་མགྲོན་ཁང་། གློག་བརྙན་ཁང་། མི་སྣ་འདུ་འཛོམས་ཆེ་ས་བཅས་ལ་ཚ་བ་བལྟས་ནས་ཐོ་འགོད་པ་དང་། ཁ་རས་བརྒྱབ་མིན་ལྟ་སྐུལ། དུག་སེལ་སོགས་ཀྱི་ལས་དོན་ཏན་ཏིག་ངང་སྤེལ་བ། ཚོང་ཁང་གི་འཛུལ་སྒོར་ཚ་བ་ལྟ་མཁན་དང་ཐོ་བཀོད་བྱེད་མཁན་བཀོད་སྒྲིག་བྱས་པ། གསོལ་ལྕོག་སྟེང་སྤྱི་ཐུར་བཀོད་སྒྲིག་བྱེད་ཚད་98%ཡན་ཟིན་པ། ཚོང་ཁང་ནང་འཛུལ་སྐབས་ཁ་རས་བརྒྱབ་ནས་བྱེད་པོའི་ལག་ཁྱེར་གསལ་སྟོན་གྱི་གཉེར་སྐྱོང་ནན་པོ་བྱས་པ་དང་ལས་གཉེར་མི་སྣས་བདེ་ཐང་ལག་ཁྱེར་འཁྱེར་ནས་ལས་གནས་ཐོག་ཞུགས་དགོས་པའི་བླང་བྱ་བཏོན་ཡོད།

བཟའ་བཅའ་འཐེན་བཤེར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཞིང་། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་བཟའ་བཅའི་བདེ་འཇཌ་ལ་འཐེན་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་འཐེན་བཤེར་ཁག་ཐེངས་50བྱས་པར་ཚད་གཞི་ལོན་ཚད་100%ཟིན་ཡོད་པ་རེད།

འཕྲལ་སྡོམ་ལས་རེས་ལ་ཤུགས་སྣོན་བརྒྱབ་ནས་གཟའ་འཁོར་རེར་སྙན་སེང་རེ་ཞུ་རྒྱུ་ལག་ལེན་བསྟར་ཞིང་། ཁྲོམ་ར་ལྟ་འདོམས་ཀྱི་ལས་རེས་དང་འཕྲལ་སྡོམ་ཐག་གཅོད་ལས་དོན་དོན་འཁྱོལ་ནན་པོ་བྱས་ནས་སྔོན་འགོག་དང་ཚོད་འཛིན་གྱི་ཆ་འཕྲིན་སྙན་སེང་ཞུ་བའི་ལས་ཀའི་བླང་བྱ་གཞིར་བཟུང་ཆེད་དོན་་མི་སྣ་བཀོད་སྒྲིག་བྱས་ནས་ཁྲོམ་རའི་ལྟ་འདོམས་གནས་ཚུལ་བསྡོམས་རྩིས་རྒྱག་རྒྱུའི་འགན་འཁུར་དུ་བཅུག་སྟེ། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཆ་འཕྲིན“ཉིན་རེའི་སྙན་ཞུ”སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དོན་འཁྱོལ་ནུས་ལྡན་ཐུབ་པ་བྱས་ཡོད།

ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། མིག་སྔའི་བར། ཁྲིམས་འཛིན་མི་སྣ་ཐེངས་52དང་ཁྲིམས་འཛིན་རླངས་འཁོར་ཐེངས་16བཏང་ནས་ཁྲོམ་རའི་བྱེད་པོ་126ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་སློབ་གསོ་བརྒྱབ་ཀྱང་ཡོ་བསྲང་མི་བྱེད་མཁན་ནམ་ཡང་ན་དག་ཐེར་ཡག་པོ་མ་བྱུང་བའི་ཚན་པར་ས་གནས་ས་ཐོག་ཏུ་སྒོ་ཐེལ་བརྒྱབ་ནས་དག་ཐེར་བྱེད་དུ་བཅུག་ཡོད། མིག་སྔར་ལག་ཁྱེར་མེད་པར་གཉེར་སྐྱོང་བྱེད་མཁན་དང་རིམས་འགོག་ལས་དོན་དོན་ཐོག་ཏུ་མི་འཁྱོལ་བ་སོགས་ཁྲོམ་རའི་བྱེད་པོ་10སྒོ་རྒྱག་ཏུ་བཅུག་ཡོད་ཅེས་བརྗོད་པ་རེད།