《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

རང་ལྗོངས་ཀྱིས“ཁེ་ལས་སུ་ཁྲིམས་ལུགས་ ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་བ།

“ངས་གཞི་རིམ་གྱི་དཀའ་ངལ་སེལ”ཞེས་པའི་བྱེད་སྒོར་མུ་མཐུད་སྐུལ་འདེད་གཏོང་བ་དང་། “འགྱངས་ཆད་གཉིས”བཅོས་སྒྲིག་གི་ཁྲིམས་ལུགས་དྲིལ་བསྒྲཌ་ལ་ཤུགས་སྣོན་རྒྱག་པ། དམངས་གཉེར་ཁེ་ལས་ཀྱི་གཉེར་སྐྱོང་མི་སྣས་ཁྲིམས་ལྟར་དོ་དམ་དང་། ཁྲིམས་ལྟར་གཉེར་སྐྱོང་། ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་དང་ཁ་དན་ཚིག་གནས་གཉེར་སྐྱོང་ལ་སློབ་གསོ་ཁྲིད་སྟོན་བཅས་བྱས་ཏེ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གཏོད་ཆེད། ཉེ་ཆར་རང་སྐྱོང་ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ཁྲིམས་རྩོད་ལས་དོན་ཁྲུའུ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དོ་དམ་ཁྲུའུ་བཅས་དང་མཉམ་དུ་ལྗོངས་ཡོངས་ཀྱི་དམངས་གཉེར་ཁེ་ལས་གཉེར་སྐྱོང་དོ་དམ་པ་30ཙམ་སྒྲིག་འཛུགས་བྱས་ནས“ཁེ་ལས་སུ་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་དེ་ཁྲིམས་སྐྱོང་གི་བརྙན་ལམ་ཐུང་གྲས་ལ་ལྟ་བ་དང་། ཆེད་དོན་སློབ་ཚན་ཁྲིད་པ། ས་གནས་ས་ཐོག་ཏུ་བློ་འདྲི་བཅས་ཀྱི་བྱེད་ཐབས་སྤྱད་ནས་སྤེལ་བ་མ་ཟད། བོད་ལྗོངས་ཙང་ཤིན་གཞུང་དཔང་ཁྲུའུ་ཡི་གཞུང་དཔང་པ་ཅང་ཡོན་དང་བོད་ལྗོངས་ཇོ་མོ་གླང་མའི་ཁྲིམས་རྩོད་སུའོ་ཡི་ཁྲིམས་རྩོད་པ་འཆི་མེད་གདན་ཞུ་བྱས་ནས་སློབ་ཁྲིད་བྱས་པ་རེད།

ཚེས་5ཉིན་གྱི་སྔ་དྲོ། བྱེད་སྒོའི་ཕན་འབྲས་ཆེ་རུ་གཏོང་ཆེད། རང་སྐྱོང་ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས་བྱེད་སྒོར་ཞུགས་མཁན་ཁེ་ལས་ཀྱི་གཉེར་སྐྱོང་མི་སྣར་ཚ་དམ་དང་། ཨ་ཅོར། ཞྭ་མོ། རྩམ་པའི་རས་ཕད། སྟོད་ཕད་སོཌ་དང《དམངས་དོན་ཁྲིམས་གཞུང》སོགས་ཁྲིམས་ལུགས་ཁྱབ་གདལ་གྱི་དེབ་སྤྲད་པ་རེད།