《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

སྐམ་ཤས་ཆེ་བའི་སྐབས་སུ་མེ་སྐྱོན་ལ་དོགས་ཟོན་བྱེད།

ཉེ་ཆར། བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་རྒྱ་མཚོ་གཞུང་ཤང་མངགས་གཏོང་ཁང་ལ་མང་ཚོགས་ཀྱིས་གཏེར་སྣ་གྲོང་ཚོའི་གྲོང་མི་ཞིག་གི་ཁྱིམ་དུ་མེ་ཤོར་འདུག་པས། མགྱོགས་པོ་ཉེན་རྟོག་པ་གཏོང་རོགས་ཞེས་བརྗོད།

མངགས་གཏོང་ཁང་གིས་འཕྲལ་མར་མེ་གསོད་ཡོ་ཆས་ཁྱེར་ནས་མེ་ཤོར་སར་བསྐྱོད་པ་དང་འབྲེལ། གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་དང་འབྲེལ་བ་བྱས་པ་མ་ཟད། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་དང་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱི་འགོ་ཁྲིད་གཙོ་བོར་གནས་ཚུལ་སྙན་སེང་ཞུས་པ་རེད། མེ་ཤོར་སར་སླེབས་རྗེས། མི་དམངས་ཉེན་རྟོག་པས་མེ་གསོད་ཡོ་ཆས་སྤྱད་དེ་མེ་བསད་པ་དང་། ཉེ་འཁོར་དུ་ཡོད་པའི་འབར་སླ་བའི་དངོས་པོ་གཙང་སེལ་བྱས་པ་དང་སྐྱོར་བསྐོངས་ནས་མེ་མི་མཆེད་པ་བྱས་པ་རེད། གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་དང་མཉམ་དུ་ཆུ་ཚོད་བཞི་ཙམ་འབད་འཐབ་བྱས་པ་བརྒྱུད་མེ་བསད་ཐུབ་པ་རེད། སླར་ཡང་མེ་སྐྱོན་མི་ཐོན་པ་བྱ་ཆེད། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཞིབ་བཤེར་ནན་པོ་བྱས་པ་མ་ཟད། རྒྱུ་ནོར་ལ་གྱོང་གུན་ཇི་ཙམ་ཕོག་མིན་ཐོ་འགོད་བྱས་པ་རེད།

མེ་མགྱོགས་པོ་གསོད་ཐུབ་པ་བྱུང་བར་བརྟེན། ད་ཐེངས་ཀྱི་མེ་སྐྱོན་ནང་མི་སྣ་འཆི་རྨས་བྱུང་མེད། བརྟག་དཔྱད་རགས་ཙམ་བྱས་པར་གཞིགས་ན། གློག་སྐུད་ཀྱི་སྐུད་ལམ་རྙིང་པ་ཆགས་པ་ལས་མེ་སྐྱོན་དེ་བྱུང་བ་ཤེས་པ་རེད།

འདི་ནི་མེ་གསོད་བཞིན་པ།