《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

《ཀྲུང་གོ་གུང་ཁྲན་ཏང་གི་ ལོ་རྒྱུས》ཤེས་བྱ།

★ 2005ལོའི་ཟླ་4ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་པེ་ཅིང་དུ་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ལེན་ཀྲན་དང་དངོས་སུ་གྲོས་མོལ་གནང་ཞིང་། ཚོགས་འདུ་གྲོལ་རྗེས“ངོགས་གཉིས་ཞི་བདེ་འཕེལ་རྒྱས་ཀྱི་ཐུན་མོང་བསམ་འདུན”ལྷན་དུ་ཡོངས་བསྒྲགས་གནང་བ་རེད།

★ 2006ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་ལྷག་དོན་དུ་གཞོན་ནུ་ལོ་ཆུང་ཚོར“གཟི་བརྗིད་བརྒྱད་དང་ཞེ་ཁྲེལ་བརྒྱད”ནང་དོན་གཙོ་བོར་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བ་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་ཡོད།

★ 2008ལོའི་ཟླ་12ཚེས་15ཉིན། ཀྲུང་གོའི་སྐམ་ས་ཆེན་པོ་དང་ཐའེ་དབན་མཚོ་འགག་ངོགས་གཉིས་ཀྱིས་མཚོ་ཐོག་སྐྱེལ་འདྲེན་གྱི་ཐད་གཏོང་ལམ་བུ་དང་། མཁའ་ཐོག་སྐྱེལ་འདྲེན་གྱི་ཐད་གཏོང་ལམ་བུ། སྦྲག་སྲིད་ཐད་གཏོང་ལམ་བུ་བཅས་ཕྱོགས་ཡོངས་ནས་ཤར་གཏོང་བྱས་ཡོད། ངོགས་གཉིས་ཀྱི་ཐད་ཀར“ཤར་གཏོང་གསུམ”ལས་ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་འདྲེས་མགྱོགས་སུ་སོང་བ་དང་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོའི་འཕེལ་རིམ་ལ་སྐུལ་འདེད་ཐེབས་ཡོད།

★ 2010ལོའི་ཟླ་4ཚེས་6ཉིན། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་པེ་ཅིང་དུ་ཚོགས་འདུ་འཚོགས་ནས་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོར་བཀོད་སྒྲིག་བྱས་ཡོད། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོར་སྔོན་ཐོན་གྱི་གཞི་རིམ་ཏང་རྩ་འཛུགས་བཏོད་ནས་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཞིག་བརྩོན་ལེན་བྱ་རྒྱུ་ནང་དོན་གཙོ་བོར་བྱས་ཡོད།

★ 2010ལོའི་ཟླ་6པར། ཀྲུང་གུང་ཀྲུང་དབྱང་གིས《དུས་བབ་གསར་པའི་འོག་ཏང་གི་ལོ་རྒྱུས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ཡོད། འདི་ནི་ཏང་གི་ལོ་རྒྱུས་ཐོག་ཀྲུང་གུང་ཀྲུང་དབྱང་གི་མིང་ཐོག་ནས་བཟོས་པ་དང་བཀྲམ་པའི་ཏང་གི་ལོ་རྒྱུས་ལས་དོན་སྐོར་གྱི་ཡིག་ཆ་ཐོག་མ་དེ་རེད།

★ ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་ཀྲུང་གོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དར་ཆ་མུ་མཐུད་མཐོན་པོར་བསྒྲེངས་ནས་བློ་བརྟན་འགྱུར་མེད་ཀྱིས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཏོན་ཡོད། (མུ་མཐུད་འགོད་རྒྱུ)