《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

2021ལོའི་ལྗོངས་ཡོངས་ཀྱི“འཆལ་རྡུང་ལོག་སེལ”དང་། ཞིབ་བཤེར་ལྟ་ཀློག་ལས་སྒོ། པར་དབང་ཁྲིམས་འཛིན་བཅས་སྐོར་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཉེར་བའི་2021ལོའི་ལྗོངས་ཡོངས་ཀྱི“འཆལ་རྡུང་ལོག་སེལ”དང་།ཞིབ་བཤེར་ལྟ་ཀློག་ལས་སྒོ།པར་དབང་ཁྲིམས་འཛིན་བཅས་སྐོར་གྱི་གསོ་སྦྱོང་འཛིན་གྲྭ་ལྷ་སར་གཉེར་བ་རེད།

གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུཌ་པའི་མཛད་སྒོའི་ཐོག་གསོ་སྦྱོང་ནང་ཞུཌ་མཁན་ཚོས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་དང་སེམས་ཁྲལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་ད་ཐེངས་གསོ་སྦྱོང་གི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་དུ་གཏོང་བ་དང་། གསོ་སྦྱོང་གི་ལས་འགན་ཁོང་དུ་ཡང་དག་ཆུད་པར་བྱེད་པ། བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་སྤེལ་བའི“ཆང་བཏུངས་འཁོར་གཏོང་བྱེད་མཁན་མེད་པའི”དཔེ་སྟོན་ཚན་པ་འཛུགས་གཏོད་བྱེད་སྒོར་དམ་པོར་དམིགས་པ། གཙོ་ཤུགས་དམག་སྟོབས་ཆེར་གཏོང་བ་དང་། ལས་སྒོ་གཙོ་བོར་དམ་འཛིན་ཡག་པོ་བྱེད་པ། གཡུལ་ས་གཙོ་བོར་སྐྱོད་པ། རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་སོགས་ཐད་གྲུབ་འབྲས་གསར་པ་ཐོབ་པ་བཅས་བྱས་ནས་ལས་ཀའི་སྤུས་ཚད་དང་ཆུ་ཚུད་སྔར་བས་མཐོ་རུ་གཏོང་དགོས་ཞེས་བརྗོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་བཞི་ཡིན་པ་དང་། དེའི་རིང་ཏང་གི་སློབ་གྲྭ་དང་། སྤྱི་བདེ་ཐིང་། རིག་གནས་ཐིང་། བོད་ལྗོངས་སློབ་ཆེན། གསར་འགྱུར་དཔེ་སྐྲུན་བཅས་ཀྱི་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་ཆེད་མངགས་གདན་དྲངས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་། དཔེ་སྐྲུན་དངོས་པོར་ཞིབ་བཤེར་ལྟ་ཀློག་དང་གསལ་འབྱེད། གྱོད་གཞི་རྩད་གཅོད་ཐག་གཅོད། “འཆལ་རྡུང་ལོག་སེལ”གྱི་ལས་སྒོའི་ཤེས་བྱ་སོགས་ཀྱི་ནང་དོན་སློབ་ཁྲིད་བྱས་ཤིང་། ས་ཁུལ་དང་གྲོང་ཁྱེར་ཁག་བདུན་ནས་ཡོང་བའི་འབྲེལ་ཡོད་ལས་སྒོའི་རྐང་འཛིན་པ་90གསོ་སྦྱོང་ལ་ཞུགས་ཡོད་པ་རེད།