《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

སྤོ་བོ་རྫོང་སྤྱི་བདེ་ཅུས་ཀྱིས།

སེམས་ཁམས་བདེ་ཐང་གི་ཆེད་དོན་ཟུར་ཁྲིད་བྱེད་སྒོ་སྤེལ་བ།

ཉེ་ཆར། སྤོ་བོ་རྫོང་སྤྱི་བདེ་ཅུས་ཀྱིས་སེམས་ཁམས་བདེ་ཐང་གི་ཆེད་དོན་ཟུར་ཁྲིད་བྱེད་སྒོ་སྤེལ་ཞིང་། སློབ་ཚན་སྐབས་སློབ་ཁྲིད་དམག་དཔོན་གྱིས་སྔོན་ལ་སེམས་ཁམས་བདེ་ཐང་གི་གོ་དོན་དང་། ལུས་པོ་གཅོང་པོའི་ཁྱད་ཆོས་དང་དེ་བཞིན་སེམས་ཁམས་བདེ་ཐང་ཡོང་བའི་གལ་ཆེའི་རང་བཞིན་ལ་འགྲེལ་བཤད་བརྒྱབ་པ་དང་། དེ་རྗེས་བློ་རྩེ་སྒྲིམ་ཤུགས་སྦྱོང་བརྡར་དང་། ས་གནས་ས་ཐོག་ཏུ་སློབ་མ་དང་སྤེལ་རེས་མཉམ་འགུལ། དོ་སྣང་བྱེད་ཡུལ་སྒྱུར་བ། རོལ་དབྱངས་ཉན་ནས་ལྷོད་ལ་འབེབས་པ། སེམས་ཁམས་ཀྱི་གནོན་ཤུགས་ཚོད་ལྟ། བསམ་པའི་འཆར་སྒོས་ལྷོད་ལ་འབེབས་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་སློབ་མ་ཚོའི་སེམས་ཁམས་ཀྱི་གནོན་ཤུགས་ཆུང་དུ་བཏང་བ་རེད། མཇུག་ཏུ། སློབ་མ་ཚོའི་ཁྱིམ་ཚང་གི་གནོན་ཤུགས་དང་ལས་ཀའི་གནོན་ཤུགས་སོགས་ལ་དམིགས་ནས་གནོན་ཤུགས་ཆུང་དུ་གཏོང་བའི་གྲོས་འགོ་མང་པོ་བཏོན་པ་རེད།

འདི་ནི་སློབ་ཁྲིད་དམག་དཔོན་གྱིས་རོལ་རྩེད་བྱེད་སྒོར་མཛུབ་ཁྲིད་བྱས་ཏེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་སློབ་མ་ཚོར་སེམས་ཁམས་གནོན་ཤུགས་ཆུང་དུ་གཏོང་བཞིན་པ།