《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

དགའ་སྐྱིད་གྲོང་ཚོར་བཅའ་སྡོད་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱི་ལས་དོན་རུ་ཁག་གི

ཏང་འཛུགས་སྐྱོང་+དམངས་ལ་བྱ་བ་དངོས་སྒྲུབ་པའི་དམངས་ཕན་ཞབས་ཞུར་ཕན་འབྲས་ཐོན་པ།

འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་དུ། དགའ་སྐྱིད་གྲོང་ཚོར་བཅའ་སྡོད་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱི་ལས་དོན་རུ་ཁག་གིས་གཞི་རིམ་ཏང་རྩ་འཛུཌ་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེཌ་བྱས་ཏེ་རང་འགུལ་ངང་ཇུས་འགོད་དང་བློ་ཁོག་ཆེན་པོས་གསར་གཏོད་བྱས་ནས“ཀྲི་པུའུ་དང་ཁ་ལོ་བའི་སློབ་གྲྭ”ཟུང་དུ་འབྲེལ་བའི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་གཞོན་ནུ་དང་དར་མའི་ལས་སྒྲུབ་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་བཏང་བ་རེད།

གྲོང་མིའི་ལས་ཞུཌ་ཀྱི་ཐབས་ལམ་ཆེ་རུ་གཏོང་བ་དང་། ཕྱུག་འགྱུར་གྱི་ཐབས་ལམ་འཚོལ་བ། ད་ཡོད་ཀྱི་ངལ་རྩོལ་ནུས་ཤུཌ་འདོན་སྤེལ་གང་ལེཌ་བཅས་བྱ་ཆེད། བྲག་ཡིབ་ཆུས་སྤྱི་བདེ་ཅུས་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་འབྱུང་རྐྱེན་ནས་བྱ་ཐབས་བཙལ་ཏེ་གྲོང་མིའི་གསོན་ཤུཌ་འཕེལ་བ་བྱས་པ་རེད། ན་སོ་དར་ལ་བབས་པའི་གཞོན་ནུ་མང་པོས་་ཁ་ལོ་བའི་ལག་རྩལ་སྦྱོང་འདོད་ཡོད་པ་ཤེས་རྟོཌ་བྱུང་རྗེས་མཐུན་སྦྱོར་ཧུར་ཐག་བྱས་པ་དང་འབྲེལ་བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་ཤུཌ་ཆེན་ཐོབ་རྗེས་ཉིང་ཁྲི་གྲོང་ཁྱེར་གནམ་ལྕཌ་འབར་བའི་ཁ་ལོ་བའི་སློབ་གྲྭ་དང་འབྲེལ་བ་ཧུར་ཐག་བྱས་ཏེ་གྲོང་ཚོ་རིམ་པའི་ཁ་ལོ་བའི་ལག་རྩལ་གསོ་སྦྱོང་རྟེན་གཞི་ཞིག་བཙུཌ་པ་རེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་དངོས་གྲུབ་ཆོས་རྒྱལ་གྱིས“གྲོང་ཚོ་རིམ་པའི་ཁ་ལོ་བའི་ལག་རྩལ་གསོ་སྦྱོང་རྟེན་གཞིར་ཁ་ལོ་བའི་ཡིག་རྒྱུཌ་དང་པོ་ནས་བཞི་པའི་བར་གྱི་ནང་དོན་ཚང་མ་སྦྱངས་ཆོག་གི་ཡོད། ‘ཏང་འཛུཌ་སྐྱོང་དང་དམངས་ལ་བྱ་བ་དངོས་སྒྲུབ་པ’ཟུང་དུ་འབྲེལ་བའི་ཁ་ལོ་བའི་གསོ་སྦྱོང་བྱེད་སྟངས་ཕྱོཌ་ཡོངས་ནས་སྤེལ་བས། དགའ་སྐྱིད་གྲོང་ཚོའི་ན་སོ་དར་ལ་བབས་པའི་གཞོན་ནུའི་ལས་ཞུཌ་ཐབས་ལམ་ནུས་ལྡན་ངང་རྒྱ་ཆེར་སོང་བ་དང་དགའ་སྐྱིད་གྲོང་ཚོའི་ན་སོ་དར་ལ་བབས་པའི་གཞོན་ནུའི་ངལ་རྩོལ་ནུས་ཤུཌ་བཅིངས་འགྲོལ་ཐུབ་སྟེ་དགའ་སྐྱིད་གྲོང་ཚོའི་དར་རྒྱས་གོང་འཕེལ་དང་ཞི་མཐུན་བརྟན་ལྷིང་ཆེད་ནུས་པ་གང་ཡོད་འདོན་ཐུབ་ཡོད”ཅེས་བཤད།

མིག་སྔའི་བར་སྦེ་པ་གྲོང་རྡལ་དགའ་སྐྱིད་གྲོང་ཚོར་བཅའ་སྡོད་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱི་ལས་དོན་རུ་ཁག་གིས་ན་སོ་དར་ལ་བབས་པའི་གཞོན་ནུ་32ཁ་ལོ་བའི་སློབ་གྲྭར་མིང་ཐོ་འགོད་པའི་ལས་དོན་ལེཌ་སྒྲུབ་བྱས་ནས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི“དམངས་ལ་བྱ་བ་དངོས་སྒྲུབ་པའི”ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད་སྲ་ཞིང་བརྟན་པའི་ལས་ཀའི་རྨང་གཞི་འདིང་ཐུབ་ཡོད་པ་རེད།