《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ཁག་གཉིས་པའི་འགོ་ཁྲིད་ཚོགས་ཆུང་གིས།

ལམ་ལུགས་དང་ལམ་སྲོལ་གྱི་དཔྱད་ཞིབ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་གྲུབ་འབྲས་དེ་དམིགས་སའི་རང་བཞིན་དང་། བཀོལ་སྤྱོད་རང་བཞིན། ཕན་འབྲས་རང་བཞིན་བཅས་ཆེ་བའི་ལམ་ལུགས་དང་ལམ་སྲོལ་ལ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་ལམ་ལུགས་དང་ལམ་སྲོལ་གྱི་གཅུན་འདོམས་ནན་པོའི་ནུས་པ་ཆེ་རུ་ཏན་ཏིག་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ཁག་གཉིས་པའི་འགོ་ཁྲིད་ཚོཌ་ཆུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲཌ་སློབ་སྦྱོང་བྱས་པ་དང་། རྒྱལ་ཡོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོཌ་ཆུང་ཐེངས་བཅུ་བཞི་པས་བོད་རང་སྐྱོང་ལྗོངས་ལ་ཚུར་ལན་བྱས་པའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་གནས་ཚུལ་དང་། ལྷག་པར་དུ་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཙུའུ་ཀྲང་ལི་ཅཱ་ཡི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲཌ་སློབ་སྦྱོང་བྱས་པ་དང་འབྲེལ། དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་བྱེད་རིང་གྲུབ་པའི་ལམ་ལུཌ་དང་ལམ་སྲོལ་42རེ་རེ་བཞིན་ཞིབ་དཔྱད་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྐྲུན་པ་དང་ཁྲིམས་འཛིན་སྲིད་འཛིན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལམ་ལུཌ་དང་ལམ་སྲོལ་གྱི་འགན་ལེན་བརྟན་པོ་ཡོང་བ་བྱས་ཡོད།

ཚོཌ་འདུའི་ཐོག་ནན་བཤད་བྱས་དོན། ལམ་ལུགས་དང་ལམ་སྲོལ་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བར་ལམ་ལུགས་དང་ལམ་སྲོལ་དེ“གསོབ”ལྟ་བུར་འགྱུར་དུ་གཏན་ནས་འཇུག་མི་རུང་བར་ལམ་ལུགས་དང་ལམ་སྲོལ་འཛུགས་ཐུབ་པ་དང་། ལག་བསྟར་ཐུབ་པ། ཕན་འབྲས་ཐོན་ཐུབ་པ་བཅས་བྱེད་དགོས་པ་དང་། ལམ་ལུགས་དང་ལམ་སྲོལ་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལམ་ལུགས་དང་ལམ་སྲོལ་ལག་བསྟར་བྱེད་ཚུལ་དེ་ལྟ་ཞིབ་ཀྱི་སྒྲིག་ལམ་བཙན་པོ་ཞིག་ཏུ་བརྩིས་ནས་ལྟ་ཞིབ་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་ཚུར་ལན་བྱས་ཏེ་ཚན་པས་མྱུར་སྒྲུབ་མྱུར་བཅོས་བྱ་རྒྱུར་སྐུལ་མ་གཏོང་དགོས། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྒྲིག་ཁྲིམས་ངེས་པར་ལག་བསྟར་ནན་པོ་བྱེད་པའི་སྟོན་ཕྱོགས་གསལ་པོ་བཟོས་ཏེ་ལམ་ལུགས་དང་ལམ་སྲོལ་ལག་བསྟར་བྱེད་ཤུཌ་མི་འདང་བ་དང་གནད་ལ་མི་འཁེལ་མཁན་གྱི་འགན་འཁྲི་བདའ་འདེད་གཏོང་བའི་བརྡ་རྟགས་བཏོན་ཤུགས་ཆེ་རུ་དང་ལམ་ལུགས་ཀྱིས་གཅུན་པ་དང་ལམ་སྲོལ་གྱིས་མནན་ནས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་བྱས་འབྲས་ཀྱི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བའི་འགན་ལེན་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ལས་བྱེད་ཉེན་རྟོག་པས་ཚད་མཐོའི་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་རང་རྟོཌ་ཀྱི་ཐོག་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ལྷག་པར་དུ“སྲུང་སྐྱོང་གཉིས”ཁྲིམས་འཛིན་སྲིད་འཛིན་ལས་དོན་ཁྲོད་དོན་འཁྱོལ་དང་བྱ་སྤྱོད་དངོས་ནང་ལག་བསྟར་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་ཁྲིམས་འཛིན་སྲིད་འཛིན་དཔུང་ཁག་གི་ལྷག་བསམ་རྣམ་དག་གི་ཆབ་སྲིད་ཀྱི་རང་གཤིས་མངོན་པར་བྱེད་དགོས།