《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

ལྷ་ས་གྲོང་ཁྱེར་གྱིས།

ཕྲུ་གུ་གསུམ་པ་བཙའ་བའི་འགྲོ་གྲོན་དེ་བུ་བཙའི་འགན་བཅོལ་ཐོབ་ཐང་གི་གཏོང་སྤྲོད་ཁྱབ་ཁོངས་སུ་བཅུག་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཕྲུ་གུ་གསུམ་པ་བཙའ་བའི་སྲིད་ཇུས་ལེགས་སུ་བཏང་ནས་མི་འབོར་ཡུན་རིང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ལས་འགན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཕྲུ་གུ་གསུམ་པ་བཙའ་བའི་སྲིད་ཇུས་དོན་འཁྱོལ་ལག་བསྟར་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ། འགན་བཅོལ་ནང་ཞུགས་མཁན་བུད་མེད་ལས་བཟོས་ཕྲུ་གུ་གསུམ་པ་བཙའ་བའི་འགྲོ་གྲོན་དེ་བུ་བཙའི་འགན་བཅོལ་ཐོབ་ཐང་གི་ཁྱབ་ཁོངས་ནང་འཇུག་པ་བཅས་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཕྲུ་གུ་གསུམ་པ་སྐྱེས་པའི་འགྲོ་གྲོན་དེ་བུ་བཙའི་འགན་བཅོལ་ཐོབ་ཐང་གི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་པ་རེད།