《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།

ཀྲུང་གུང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བདམས་ཐོན་བྱུང་བ་དང་། བློ་མཐུན་ཝང་ཝུའེ་ཏུང་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིར་བདམས་ཐོན་བྱུང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བདམས་ཐོན་བྱུང་བ་དང་། བློ་མཐུན་ཝང་ཝུའེ་ཏུང་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིར་བདམས་ཐོན་བྱུང་བ། བློ་མཐུན་ཀུང་ཧུའེ་ཚའེ་དང་། སྟོབས་ཆེན། ཏང་དབན་ཅུན། ལིའུ་ཐའོ་ཉན་བཅས་ཧྲུའུ་ཅི་གཞོན་པར་བདམས་ཐོན་བྱུང་བ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་འདྲེས་མཚམས་ཀྱི་འཐབ་ཇུས་ཀྱི་མཚམས་ཚིགས་དང་། བོད་ཀྱི་ལས་དོན་འགོ་འཛུགས་ས་གསར་པར་སླེབས་པ་དང་། དུས་བབ་གསར་པར་སླེབས་པ་དང་ལས་འགན་གསར་པ་ཡོད་པའི་དུས་སྐབས་གལ་ཆེན་ལ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ“འདུ་ཤེས་བཞི”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་ལག་བསྟར་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བའི་འགན་འཁྲིར་འགྱུར་བ་མེད་པ། ཏང་གི་སྤྱི་ཡོངས་སྐྱོན་བྲལ་ཡོང་བའི་འགན་འཁྲིར་འགྱུར་བ་མི་གཏོང་བའི་འགན་ལེན་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གྲུབ་འབྲས་གསར་པར་བརྟེན་ནས་རྩ་འཛུགས་ཀྱི་མངགས་བཅོལ་ཟབ་མོ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ལ་དྲིན་ལན་འཇལ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། སྤྱི་ཡོངས་དང་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་པའི་ཁྲོད་ལས་དོན་སྒྲུབ་ཕོད་པ་དང་སྒྲུབ་མཁས་པོ་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་བྱེད་པར་དམ་པོར་དམིགས་པ་དང་། “དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པ་དང“འཛུགས་གཏོད་བཞི”ལ་སྐུལ་འདེད་ཧུར་ཐག་གཏོང་བ། “མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་ཐུབ་པ་བཅས་ལ་དམིགས་པ། ཆབ་སྲིད་ཀྱི་ལྟ་སྐུལ་མངོན་གསལ་དོད་པོ་ཡོང་བ་དང་རྒྱུན་གཏན་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བཀོད་སྒྲིག་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་གཏོང་དགོས། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྲོད་སྒྲིག་སྲོལ་ལྟར་འགན་འཁྲི་སྒྲུབ་པ་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་དང་སྙན་སེང་དགོངས་སྐོར་ལམ་ལུགས་སྣེ་ཁྲིད་དེ་ལག་བསྟར་བྱས་ནས། རང་རྟོགས་ངང་སྒྲིག་བཤེར་ལྟ་ཞིབ་ལས་དོན་དེ་ཏང་གི་འགོ་ཁྲིད་གཙང་བཙན་འོག་སྤེལ་དགོས། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་དང་རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ་བཅས་སློབ་སྦྱོང་ནན་ཏན་བྱས་ཏེ་སློབ་སྦྱོང་བྱེད་རིང་བསམ་བློ་དང་ལས་ཀའི་ཁྲོད་ཀྱི་ཞན་ཆ་དང་སྐྱོན་ཆར་ཞིབ་བསྡུར་དང་ཞིབ་ལྟ་བྱེད་དགོས་ལ། སློབ་སྦྱོང་གི་གྲུབ་འབྲས་དེ་སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་ལ་གཞིགས་ནས་རང་འགན་གཙང་སྒྲུབ་བྱེད་པའི་འཇོན་ཐང་དང་ཆུ་ཚད་ལ་འགྱུར་བ་བྱེད་དགོས། ཚན་ཁག་ལ་དམ་འཛིན་དང་དཔུང་ཁག་ལ་སྣེ་ཁྲིད་བྱེད་རིང་སྤྱོད་གཙང་བློ་སྦྱོང་བྱེད་པ་དང་། སྣེ་ཁྲིད་ནས་ལྟ་སྐུལ་དང་གཅུན་འདོམས་ནན་ཤོས་དང་ལེན་བྱེད་པ། ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་འཆར་བཏོན་རིགས་ཡོ་བསྲང་དང་བསམ་འཆར་མེད་ན་དོགས་ཟོན་བྱེད་པའི་རྣམ་འགྱུར་འཛིན་པ། རང་སྐྱོན་རང་བརྟག་ནན་ཏན་བྱེད་པ། མི་མེད་ས་དང་རང་ཉིད་གཅིག་པུའི་སྐབས་དེ་བས་ཀྱང་རང་གཟབ་ཆུང་ཟོན་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་ཏང་གི་སྒྲིག་ཡིག་གི་བླང་བྱ་གཞིར་བཟུང་རང་ཉིད་ལ་ཞིབ་ལྟ་དང་རེ་བ་འདོན་པ། རང་གཅུན་ཐུབ་པ་བཅས་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། གསར་འབྱེད་གསར་གཏོད་དང་མཐུན་སྒྲིལ་འབད་འཐབ་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་འཛུགས་སྐྲུན་བྱེད་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།