《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

རང་རྒྱལ་གྱི་དཔལ་འབྱོར་དང་ལྡུམ་རའི་རྩི་ཤིང་འདེབས་ཁྱོན་མུའུ་དུང་ཕྱུར་6ལྷག་ཙམ་ཟིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་སྐྱེད་ཚལ་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་ཞིང་། སྔོ་ཚལ་དང་། སྲིང་བལ། སྣུམ་རྒྱུའི་རྩི་ཤིང་། སོ་མ་ར་ཛ་རིགས། ཤིང་ཏོག ཇ་ལོ། རྡོ་ཐ། དམིགས་བསལ་དཔལ་འབྱོར་ལོ་ཏོག་བཅས་འདེབས་ཁྱོན་དང་ཐོན་འབོར་རྒྱུན་མཐུད་འཕར་ནས། འདེབས་ཁྱོན་ཨང་རིམ་གཉིས་པར་སླེབས་པ་དང་དཔལ་འབྱོར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཨང་དང་པོར་སླེབས་ཡོད། རྒྱལ་ཡོངས་ཀྱི་མི་དུང་ཕྱུར་3ཙམ་གྱིས་ཐད་ཀར་རམ་ཡང་ན་ཞོར་དུ་དེ་དང་འབྲེལ་བ་ཡོད་པའི་ཐོན་སྐྱེད་ལས་དོན་ནང་ཞུགས་ཡོད།

ཀྲུང་གོ་ཞིང་ལས་ཚན་རིག་གླིང་སྔོ་ཚལ་དང་མེ་ཏོག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ཡིའུ་ཅུན་གྱིས་ངོ་སྤྲོད་བྱས་དོན། ཚན་རྩལ་སྣེ་ཁྲིད་དང་ལག་རྩལ་གསར་གཏོད་ལ་བརྟེན་ནས་དཔལ་འབྱོར་དང་སྐྱེད་ཚལ་གྱི་སྐྱེ་དངོས་ཐོན་ལས་ནི་རང་རྒྱལ་གྱི་གྲོང་གསེབ་འཕེལ་རྒྱས་དང་། ཞིང་པ་ཕྱུག་འགྱུར། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་དུ་གྱུར་ཡོད། 2018ལོ་བར་རང་རྒྱལ་གྱི་དཔལ་འབྱོར་དང་སྐྱེད་ཚལ་གྱི་ལོ་ཏོག་རིགས་ཆེན་པོ་དགུའི་འདེབས་ཁྱོན་མུའུ་དུང་ཕྱུར་6ལྷག་ཙམ་ཟིན་པ་དང་། ཐོན་འབབ་བསྡོམས་འབོར་ཏུན་དུང་ཕྱུར་10ལྷག་ཙམ་ཟིན་པ་དང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་4ཟིན་ཡོད།