《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་སྐབས་བདུན་པའི་འདེམས་བསྐོ་ལོ་གཅིག་ནར་འགྱངས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་གློག་འཕྲིན་འབྱོར་གསལ། མིག་སྔའི་ཤང་ཀང་གི་ཛ་དྲག་པའི་རིམས་ནད་དུས་བབ་ཀྱིས་འདེམས་བསྐོར་ཤུགས་རྐྱེན་ཆེན་པོ་ཕོག་པར་དམིགས་ནས། ཚེས་31ཉིན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེ་ཡིས། སྲིད་འཛིན་ཚོགས་འདུ་འཚོགས་པ་བརྒྱུད་སྤྱི་པའི་ཁེ་ཕན་དང་ཤང་ཀང་གི་དོན་དངོས་གནས་ཚུལ་ལ་དམིགས་ཏེ། 《ཛ་དྲག་གནས་ཚུལ་གྱི་གཏན་འབེབས་སྲོལ་ཡིག》(“ཛ་དྲག་བཅའ་ཁྲིམས”)དྲངས་ནས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་སྐབས་བདུན་པའི་འདེམས་བསྐོ་ལོ་གཅིག་ནར་འགྱངས་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།