《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

ལྗོངས་ཡོངས་ཀྱི་བཙོན་ཁང་དུག་གཅོད་ཁོངས་གཏོཌ་ཀྱིས།

ཉེན་རྟོག་པའི་གོ་ཐོབ་སྤོར་བའི་གསོ་སྦྱོང་འཛིན་གྲྭ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་20ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཉིང་ཁྲི་གསོ་སྦྱོང་ལྟེ་གནས་སུ་ལྗོངས་ཡོངས་ཀྱི་བཙོན་ཁང་དུག་གཅོད་ཁོངས་གཏོགས་ཀྱི་ཉེན་རྟོག་པའི་གོ་ཐོབ་སྤོར་བའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ་རེད།

གསོ་སྦྱོང་གི་བླང་བྱ་ལྟར། གསོ་སྦྱོང་བྱེད་རིང་གི་སྒྲིག་ཁྲིམས་ཁག་ལ་བརྩི་སྲུང་ནན་པོ་ཞུས་ཏེ་སྒྲིག་ཁྲིམས་ནན་པོ་སྲུང་བའི་གོམས་གཤིས་བཟང་པོ་འཇགས་པར་བྱས་ནས་རང་ངོས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས། སློབ་སྦྱོང་གི་ལས་འགན་ལེགས་པར་བསྒྲུབས་ཏེ་གསོ་སྦྱོང་ལྟེ་གནས་ཀྱིས་གཏན་འབེབས་བྱས་པའི་གསོ་སྦྱོང་སློབ་ཚན་གྱི་རེའུ་མིག་ལྟར། ལུས་པོ་སྦྱོང་བརྡར་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ཡག་པོ་བྱས་ནས་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་དང་སློབ་སྦྱོང་ལ་ཕན་འབྲས་ཐོན་པ་བྱེད་དགོས།

སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་བཙོན་ཁང་དུག་གཅོད་ཁོངས་གཏོགས་ཀྱི་སློབ་མ་གཉིས་ཀྱིས་གསོ་སྦྱོང་སློབ་མ་ཡོངས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། སྒྲིག་ཁྲིམས་ནན་སྲུང་དང་། སློབ་སྦྱོང་ནན་ཏན། སྦྱོང་བརྡར་ནན་པོ། བདེ་འཇགས་འགན་ལེན་ཏན་ཏིག་བཅས་བྱས་ནས་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་དང་སློབ་སྦྱོང་ལ་ཕན་འབྲས་ཐོན་པ་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱིས་བཙོན་ཁང་གི་དུག་གཅོད་མི་དམངས་ཉེན་རྟོག་པ་ཡོངས་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱས་པར་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བཤད་པ་རེད།