《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

ལྷ་ས་བཙོན་ཁང་གིས།

“སྒྱུར་བཀོད་ཆེན་པོ་ལྔའི”ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་དུས་ལྷ་ས་བཙོན་ཁང་གིས་ཞིབ་ཚགས་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་བ་དང་། “སྒྱུར་བཀོད་ཆེན་པོ་ལྔ”དོན་འཁྱོལ་གྱི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་། ལྷ་ས་བཙོན་ཁང་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བ་ཚོགས་འདུར་ཞུགས་པ་དང་། ལྷ་ས་བཙོན་ཁང་གི་འགོ་ཁྲིད་ཁག་གཅིག་དང་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་དང་དེ་བཞིན་མི་དམངས་ཉེན་རྟོག་པའི་འཐུས་མི་ཁྱོན་60ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་བཙོན་ཁང་ཞིབ་ཚགས་ཅན་གྱི་དོ་དམ་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས་ཞིབ་ཚགས་ཅན་གྱི་དོ་དམ་ལ་བརྟེན་ནས“སྒྱུར་བཀོད་ཆེན་པོ་ལྔ”ལ་སྐུལ་འདེད་གཏོང་བ་དང་། མཁྲེགས་ཆས་དང་སྒྲིག་ཆས་ཀྱི་ཧེ་བག་གསབ་ནས་ཞིབ་ཚགས་ཅན་གྱི་དོ་དམ་ལ་བརྟེན་ནས་བཙོན་ཁང་གི་ཡུན་རིང་འཕེལ་རྒྱས་དང་ལྟ་འདོམས་བདེ་འཇགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས་པ་དང་། ལམ་ལུགས་རྩེ་རིམ་ཇུས་འགོད་ཡག་པོ་བཟོ་བ་དང་། ལམ་ལུགས་འཛུགས་པ་དང་། བཅོས་སྒྲིག མེད་པ་བཟོ་བ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། གོ་ཆོད་པ་དང་དངོས་སྤྱོད་ཐད་འབད་བརྩོན་བྱེད་པ། ལམ་ལུགས་དེ་བཙོན་ཁང་གི་དོན་དངོས་དང་དེ་བས་མཐུན་པ་བཅས་བྱས་ཏེ། ཞིབ་ཚགས་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།