《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

བོད་ལྗོངས་ཁྲིམས་འཛིན་ཉེན་རྟོག་སྨན་ཁང་གིས།

སེམས་ཁམས་བདེ་ཐང་སྐོར་གྱི་འཆད་ཁྲིད་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ལས་བྱེད་ཉེན་རྟོག་པ་དང་ལས་བཟོའི་སེམས་ཁམས་བདེ་ཐང་གི་ཤེས་བྱ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་ཆེད། ཉེ་ཆར་བོད་ལྗོངས་ཁྲིམས་འཛིན་ཉེན་རྟོག་སྨན་ཁང་གིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་སེམས་ཁམས་བདེ་ཐང་བློ་འདྲིའི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་བོད་ལྗོངས་ཁྲིམས་འཛིན་ཉེན་རྟོག་སྨན་ཁང་གི་ལས་བྱེད་ཉེན་རྟོག་པ་དང་ལས་བཟོར་ཆེད་དོན་གྱི་སེམས་ཁམས་བདེ་ཐང་སྐོར་གྱི་འཆད་ཁྲིད་བྱས་པ་རེད།

འཆད་ཁྲིད་ནང་སེམས་ཁམས་ཚད་འཇལ་དཔྱད་དཔོག་གི་སྙན་ཞུ་དང་། སེམས་ཁམས་བདེ་ཐང་གི་ཚད་གཞི། སེམས་ཁམས་བདེ་ཐང་གི་ཆུ་ཚད་རིམ་པ་རིགས་དབྱེ། རྒྱུན་མཐོང་གི་སེམས་ནད། རིམས་ནད་སྔོན་འགོག་དང་ཚོད་འཛིན་འོག་གི་སེམས་གསོ་བཅས་ཁག་ལྔའི་ཐད་ནས་འགྲེལ་བཤད་བརྒྱབ་ཅིང་། ལྷག་དོན་དུ་དུས་འགོའི་ལས་བྱེད་ཉེན་རྟོག་པ་དང་ལས་བཟོའི་སེམས་ཁམས་ཚད་འཇལ་གྱི་སྙན་ཞུ་དང་མིག་སྔའི་ལས་སྒྲུབ་ཉེན་རྟོག་པ་དང་ལས་བཟོའི་ཡུན་རིང་བཀག་སྡོམ་གྱི་ལས་ཀའི་ཁྱད་ཆོས་ལ་དམིགས་ནས་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཐོག་སློབ་ཁྲིད་བྱས་པ་རེད།

འཆད་ཁྲིད་བརྒྱུད་ནས་ཚང་མའི་སེམས་ནད་སེལ་ནུས་དང་། ལས་རིགས་ལ་འཕྲོད་ནུས། གནོན་ཤུགས་འགོག་ནུས་བཅས་ཆེ་རུ་སོང་ཁར་སེམས་ཁམས་བདེ་རུ་ཕྱིན་ཡོད་པ་རེད།